ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནས་རང་སྲོག་གཅོད་པའི་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བདེན་དཔང་བྱས་དོན། བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་མེད་ཏུའུ་ཀུའུ་ལིའི་ཉེ་འདབས་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག་ཟེར།

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱེ་སུའུ་ཁུའུ་ཡིས་བཤད་རྒྱུར། འཇབ་རྒོལ་མཁན་གསུམ་མེད་ཏུའུ་ཀུའུ་ལིའི་ཉེ་འདབས་ས་ཁུལ་གྱི་ཝུའུ་མཱ་ལཱ་ལི་སྡེ་བར་འགྲོ་རྩིས་བྱེད་སྐབས་མཚན་མོའི་སྐོར་གཡེང་མི་སྣས་ཤེས་པ་དང་། འཇབ་རྒོལ་མཁན་ཕྱོགས་སོ་སོར་བྲོས་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། འཇབ་རྒོལ་མཁན་གསུམ་དང་། བུད་མེད་ཅིག བྱིས་པ་གཉིས། དེ་མིན་མཚན་མོའི་སྐོར་གཡེང་རུ་ཁག་གི་མི་སྣ་གཅིག་བཅས་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།

ཉེ་བའི་ལོ་འགའི་རིང་། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དུས་ངེས་མེད་དུ་ནེ་ཀྲི་རི་ཡཱ་དང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་ཏེ་མི་སྣ་མང་བོར་ཤི་རྨས་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།