ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཁའ་འབབ་དམག་དཔུང་གི་དམག་སྤྱི་ཞེ་ཨར་ཅིག་ཁི་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་མཁའ་འབབ་དམག་དཔུང་སོགས་དམག་དཔུང་མང་བོས་ཉིན་དེར་ཁི་ལི་མུས་ཡཱ་ཕྱེད་གླིང་དུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

timg.jpg

ཞེ་ཨར་ཅིག་ཁི་ཧྥུའུ་ཡིས་ཉིན་དེར་ཁི་ལི་མུས་ཡཱ་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐེངས་འདིའི་ཨུ་རུ་སིའི་མཁའ་འབབ་དམག་དཔུང་གིས་ཞིན་ལོ་ཞི་སི་ཁི་མཁའ་འབབ་ཐོལ་རྒོལ་འབུམ་ཤོག་དང་ཁཱ་མཱེ་ཧྲིན་མཁའ་འབབ་ཐོལ་རྒོལ་སྒེར་ཚུགས་སྟོང་ཤོག ཝུའུ་ཁི་ལན་ཏི་མཁའ་འབབ་ཐོལ་རྒོལ་སྒེར་ཚུགས་སྟོང་ཤོག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་ཡོད། མཁའ་འབབ་དམག་དཔུང་གི་སྤྱིའི་མི་གྲངས་སྟོང་གཉིས་དང་ལྔ་བརྒྱ་ལས་བརྒལ་ཡོད། དེ་ནི་ཨུ་རུ་སིའི་དམག་དོན་ལོ་རྒྱུས་སྟེང་ཐོག་དང་པོར་ཁི་ལི་མུས་ཡཱ་ཕྱེད་གླིང་ནས་མཁའ་འབབ་དམག་དཔུང་སྐོར་གསུམ་བར་སྣང་ནས་འབབ་པའི་སྦྱོང་བརྡར་སྤེལ་བ་རེད།

vtimg.jpg

ཞེ་ཨར་ཅིག་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་དང་ལྷོ་ཕྱོགས་དམག་ཁུལ་གྱི་མཁའ་དམག མཁའ་སྲུང་དམག་དཔུང་གི་སྡེ་ཚོགས་དམག་དཔུང་བཞི་བས་ཀྱང་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་དམག་དཔུང་མངག་ཡོད། དམག་དོན་སྦྱོང་བརྡར་དེར་བསྡོམས་པས་དམག་དོན་སྒྲིག་ཆས་རིགས་སྣ་དྲུག་བརྒྱ་ལས་བརྒལ་བཀོལ་སྤྱོད་བྱས་ཡོད་ཟེར།

ཞེ་ཨར་ཅིག་ཁི་ཧྥུའུ་ཡིས་བསྟན་དོན། ཐེང་འདིའི་དམག་དོན་སྦྱོང་བརྡར་ནི་དེའི་སྔོན་གཏན་འབེབས་བྱས་པའི་མཁའ་འབབ་དམག་དཔུང་གི་སྦྱོང་བརྡར་འཆར་གཞི་ལྟར་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་དང་དགྲ་བོའི་དཔུང་ཁག་ལ་ཆམ་ཕབ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།