ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཏཱ་མཱ་ཧྲི་ཀིའི་ཤར་འདབས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐོར་ཐེངས་གསར་བའི་སི་རི་ཡཱའི་ཞི་བའི་གྲོས་མོལ་མི་འགྱངས་པར་སྤེལ་ལ་ཉེ་བའི་སྐབས་སུ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་མུ་མཐུད་དུ་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་འདབས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་དཔུང་འཇུག་ཐེངས་ཤིག་མཐར་སྐྲོད་བཏང་བ་དང་། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅོ་ལྔར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་ཏཱ་མཱ་ཧྲི་ཀིའི་ཤར་འདབས་ཀྱི་ཀྲུའུ་པཱ་ཨར་ས་ཁུལ་ནད་གློ་བུར་དུ་དཔུང་འཇུག་བྱས་ཏེ། ས་ཁུལ་དེའི་འཁལ་འཐག་བཟོ་གྲྭ་དང་གློག་ཤུགས་ཀུང་ཟིའི་ཉེ་འདབས་ཀྱི་སྲིད་གཞུང་དམག་དཔུང་གི་སྡོད་གནས་སུ་དཔུང་འཇུག་བྱེད་རྩིས་བྱས། འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བ་རེད།

འཁྲུག་རྩོད་དྲག་པོ་བྱས་པའི་དབང་གིས་ཀྲུའུ་པཱ་ཨར་ས་ཁུལ་ཉེ་འདབས་ཀྱི་སྡོད་དམངས་ལ་གནོད་པ་ཐེབས། ཏཱ་མཱ་ཧྲི་ཀིའི་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་དེ་སྡོད་ཁུལ་གཉིས་སུ་ལྷུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅོ་ལྔར་རྨས་ཕོག་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།