ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱིན་ཇི་ལ་གསང་འཕྲིན་འདོན་སྤྲོད་བྱས་ཏེ་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་རོགས་རམ་བྱེད་འདོད་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་ཙེ་ལོ་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨུ་རུ་སི་ཡིས་དབྱིན་ཇི་ལ་གསང་འཕྲིན་འདོན་སྤྲོད་བྱས་ཏེ། དབྱིན་ཇི་ཡིས་ཉིན་དེར་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར།

ཉིན་དེར་ཨོ་ཙེ་ལོ་ཧྥུའུ་ཡིས་མའོ་སི་ཁི་ནས་ཕྱི་ཕྱོགས་ལ་བསྟན་དོན། ཨུ་རུ་སི་ཡིས་དགོས་ངེས་ཀྱི་སྐབས་སུ་དབྱིན་ཇིའི་ཕྱོགས་ལ་རོགས་རམ་བྱེད་འདོད་ཡོད་ཟེར། གལ་ཏེ་དབྱིན་ཇིའི་ཕྱོགས་ལ་དགོས་མཁོ་ཡོད་ན། ཨུ་རུ་སི་ཡིས་གསང་འཕྲིན་ཁྱབ་ཁོངས་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱས་ཏེ་དབྱིན་ཇི་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱིན་ཇིའི་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱི་རོལ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་ནི་བསམ་བཞིན་བཟོས་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མི་དང་གྲོགས་པོར་མྱ་ངན་ཞུ་བཞིན་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།