ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིང་རྡུལ་མཚོན་ཆ་གཏན་འགོག་བྱེད་པའི་ཆིངས་ཡིག་གི་གྲོས་མོལ་ལ་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཁྲའོ་ཞན་གྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིང་རྡུལ་མཚོན་ཆ་གཏན་འགོག་བྱེད་པའི་ཆིངས་ཡིག་གི་གྲོས་མོལ་བྱེད་པའི་གྲོས་ཚོགས་ལ་མི་ཞུགས་པར་ཐག་བཅད་ཡོད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གི་གསར་འགོད་པས་བཏོན་པའི་འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས་བཤད་རྒྱུར། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་དང་ཟླ་དྲུག་པའི་ཟླ་དཀྱིལ། ཟླ་བདུན་པའི་ཟླ་མགོ་བཅས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་ཉིང་རྡུལ་ནུས་པའི་མཚོན་ཆ་གཏན་འགོག་བྱེད་པའི་ཆིངས་ཡིག་ལ་གྲོས་མོལ་བྱེད་པའི་གྲོས་ཚོགས་སྤེལ་རྒྱུ་ཡིན་པ་རེད། ཨ་མེ་རི་ཁས་ད་ལོར་འཐབ་ཇུས་མཚོན་ཆ་གཞི་རྒྱ་ཆེ་བའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་དུ་བཀོད་སྒྲིག་བྱེད་པ་དང་། མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་དམིགས་ནས། ཁྲའོ་ཞན་གྱིས་ངེས་པར་དུ་ཉིང་རྡུལ་མཚོན་ཆའི་ནུས་པ་ལྟེ་བར་གྱུར་བའི་རང་སྲུང་རང་བཞིན་གྱི་རྒྱལ་སྲུང་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། ཤི་གསོན་གྱི་གནད་འགག་གི་སྐབས་སུ་ཁྲའོ་ཞན་གྱིས་གྲོས་ཚོགས་ལ་མི་ཞུགས་པར་ཐག་བཅད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།