ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་གིས་དྲག་ཆས་མི་སྣ་སོ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཞི་ཨར་ཨ་ཅ་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཤར་ཕྱོགས་ཀྱི་ནན་ཀི་ཧར་ཞིང་ཆེན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙང་བཤེར་བྱེད་པའི་འགུལ་སྐྱོད་ཁྲོད་དུ། འཇིགས་སྐུལ་མི་སྣ་སོ་གསུམ་བསད་ཟེར།

ཞི་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ནན་ཀི་ཧར་ཞིང་ཆེན་གྱི་ས་ཁུལ་མང་པོ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ལ་དམིགས་པའི་གཙང་བཤེར་འགུལ་སྐྱོད་སྤེལ་ཏེ། མིག་སྔའི་བར་འཇིགས་སྐུལ་མི་སྣ་སོ་གསུམ་བསད་པ་དང་། མི་དྲུག་རྨས་པ་མ་ཟད། མི་ཉེར་གཉིས་འཛིན་བཟུང་བྱས་ཟེར།

ནན་ཀི་ཧར་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ནི་རྒྱུན་དུ་ཐ་ལེ་པན་དང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་བྱེད་ས་ཡིན་པ་དང་། ཐ་ལེ་པན་གྱི་དཔྱིད་དུས་འཇབ་རྒོལ་བྱེད་ཚད་ཇེ་མང་དུ་འགྲོ་ལ་ཉེ་བ་དང་བསྟུན་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དམག་གིས་འཇིགས་སྐུལ་མི་སྣ་གཙང་བཤེར་བྱེད་པར་ཤུགས་སྣོན་བཞིན་ཡོད།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། ཨ་ཧྥུའུ་ཧན་སྲིད་གཞུང་དམག་གིས་ནན་ཀི་ཧར་ཞིང་ཆེན་ནས་འཇིགས་སྐུལ་མི་སྣ་ཉེར་བདུན་བསད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།