ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་རྡིབས་སྐྱོན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་ཞི་ལི་ཞི་ཡཱ་ཞིང་ཆེན་གྱི་ཞི་ཝེ་པའོ་ཅི་ཚེ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་ཚེས་བརྒྱད་ཉིན་རྡིབས་སྐྱོན་ཤོར་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག

དོན་རྐྱེན་དེ་ཉིན་དེའི་ཞོགས་པའི་དུས་ཚོད་དགུ་ཡས་མས་སུ་བྱུང་བ་དང་། རྡིབས་སྐྱོན་ཤོར་བའི་ཐོག་ཁང་དེ་ནི་བརྩེགས་རིམ་མང་བོའི་ཐོག་ཁང་ཞིག་ཡིན་ཞིང་། ཁྱིམ་ཚང་མང་བོར་བསྡད་ཡོད། ཚོད་དཔག་བྱས་ན་མི་བཅོ་ལྔ་ཐོག་ཁང་ནང་བསྡད་ཡོད། ཞིང་ཆེན་དེའི་མགོ་ཁྲིད་པ་ཧི་ལོས་ནེ་ཡཱ་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བ་ནི་བྱིས་པ་གཉིས་དང་དར་མ་གཅིག་ཡིན་པ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

མིག་སྔར་མེ་གསོད་མི་སྣས་ཤུགས་ཆེན་པོས་རྒུད་སྐྱོབ་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཕོ་ལན་གྱི་ཙུང་ལི་ཞི་ཏི་བོ་ཡིས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།