ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཐེ་ལན་ཡི་གེའི་པར་མ་པང་ཁོག་ཏུ་དངོས་སུ་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་་ཅུས། ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཐེ་ལན་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཉིན་ཤས་གོང་ཐེ་ལན་གྱི་པང་ཁོག་རྒྱལ་ཚོགས་མཁར་ཆེན་དུ་འཚོགས་པ་དང་ཐེ་ལན་གལ་ཆེའི་སྲིད་ཕྱོགས་མི་སྣ་དང་། རིག་གནས་ལས་རིགས། གསར་འགྱུར་དཔེ་སྐྲུན་ལས་རིགས་སོགས་མི་3000ཙམ་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་ཤིས་ཚིག་གསུངས་སྐབས་ཀྲུང་ཐེ་རྒྱལ་ཁབ་གཉིས་ནི་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་དང་མཚོ་ཐོག་དར་ལམ་ཐོག་གི་གྲུ་གཡོར་གཉིས་ལྟ་བུ་དང་མིའི་རིགས་ཀྱི་ལས་དབང་འཁྲི་ཤིང་ཐོག་གི་འབྲས་བུ་གཉིས་ལྟ་བུ་ཡིན་པར་བརྟེན་ཕྱར་བ་གྲུ་འདེགས་དང་ལས་དབང་མཉམ་དུ་འབྲེལ་ཡོད། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཀྲུང་གོས་དེང་སྐབས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་་དང་འཕེལ་རྒྱས་ལག་ལེན་ཐོག་གཞི་ཚུགས་ཏེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཕྱོགས་སྡོམ་བྱས་ནས་བཏོན་པར་བརྟེན་ཀྲུང་གོའི་སྒྱུར་འཕེལ་བརྟན་གསུམ་ལ་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་ཤེས་རྟོགས་བྱུང་ཚེ་ཀྲུང་གོའི་འགྲོ་ལམ་ཤེས་ཐུབ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཐེ་ལན་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་བརྒྱུད་ཀྲུང་ཐེ་རྒྱལ་ཁབ་གཉིས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔེ་ལྟ་རེས། ཐུན་མོང་ཡར་རྒྱས་བཅས་ལ་སྔར་བས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དེ་རང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་འཛམ་གླིང་མི་དམངས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཐེ་ལན་གྱི་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥང་པེས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་དེབ་དེ་ནི་སློབ་སྦྱོང་གི་རིན་ཐང་ཆེན་པོ་ལྡན་པའི་ཤེས་བྱའི་ནོར་མཛོད་ལྟ་བུ་ཡིན། དེབ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མཚན་ཉིད་རིག་པའི་འདུ་ཤེས་དང་གཟིགས་རྒྱང་ཞིབ་ཕྲ་བཀོད་ཡོད། ད་ཆ་ཐེ་ལན་ཡི་གེར་ཕབ་སྒྱུར་བྱས་པས་ཐེ་ལན་གྱི་དམངས་ཚོགས་དེ་བས་མང་པོས་ལྟ་ཀློག་བྱེད་ཆོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་འདུ་ཤེས་དང་སྲོག་ཤིང་གི་རིན་ཐང་ལྟ་བར་ཚད་མཐོའི་མཐོང་ཆེན་གནང་བ་དེས་རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་བརྟན་ལྷིང་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད། དེབ་དེའི་ནང་ད་དུང་གནས་ལུགས་ཤིག་མངོན་པ་དེ་ནི་རྒྱལ་སྲིད་སྐྱོང་ལུགས་དེ་ནི་སྒྱུ་རྩལ་ཞིག་ཡིན་པ་ལས། སྟབས་བདེའི་ངང་དབང་ཆ་སྤྱོད་པ་ཞིག་མིན་པས་ཕུལ་བྱུང་གི་བློ་གྲོས་དང་ཕུན་སུམ་ཚོགས་པའི་ཤེས་བྱ་ལྡན་ཚེ་གཞི་ནས་སྤྱི་ཚོགས་ཧྲིལ་པོ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པ་དེ་ཡིན་ཞེས་གསུངས།

ཐེ་ལན་ཀྱི་ཙུང་ལི་གཞོན་པ་ཝུའེ་ཧྲ་ནུའུ་ཡིས་ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་ནང་བློན་ཁང་གི་ཚོགས་འདུའི་ཐོག་ཚང་མར་དེབ་དེ་འོས་སྦྱོར་བྱས་ཏེ་ནང་བློན་ཁང་གི་ཁོངས་མི་ཚང་མས་དེབ་དེ་ནན་ཏན་ངང་ལྟ་ཀློག་བྱེད་དགོས་པའི་རེ་བ་བཏོན་ཡོད་ཅེས་གསུངས། ཝུའེ་ཧྲ་ནུའུ་ཡིས་འགོ་ཁྲིད་པ་ཡག་པོ་ཞིག་ཡིན་ཚེ་དེ་ཉིད་ནི་ཀློག་པ་པོ་ཡག་པོ་ཞིག་དང་། བསམ་བློ་མཁས་ཅན། གཏམ་བཤད་པ་མཁས་ཅན། རྩོམ་པ་པོ་དང་ལག་ལེན་མཁས་ཅན་བཅས་ཡིན་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་དག་ཚང་མ་བསྒྲུབས་ཐུབ་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྒྱུར་བཅོས་ཀྱིས་ཐེ་ལན་ལ་བློ་སྒོ་ཕྱེ་ཐུབ་པ་བྱུང་ཡོད། ཐེ་ལན་གྱིས་ཀྱང་ཀྲུང་གོ་ལས་མང་བའི་དུས་ཚོད་ལྡབ་སྤྱད་དེ་སྒྱུར་བཅོས་བྱེད་དགོས་སྲིད། ཐེ་ལན་གྱི་ད་ལྟའི་གནས་ཚུལ་དང་བསྡུར་ཚེ་དེབ་དེ་ལྟ་ཀློག་དང་དེབ་དེར་བསམ་གཞིག་བྱ་རྒྱུར་དོན་སྙིང་ལྡན་ཡོད་ཅེས་གསུངས།

ཐེ་ལན་རྒྱལ་པོའི་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཉིང་ཕུ་ཁུའེ་ཡིས་ད་ཆ་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བས་ཀྲུང་གོའི་འགྲོ་ལམ་ལ་ཞིབ་འཇུག་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དེང་སྐབས་སྤྱི་ཚོགས་གནད་དོན་ལ་དོ་ཁུར་བྱེད་པ་དེར་ལན་བཏབ་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་ཀྲུང་གོའི་ཕྱི་འབྲེལ་གྱི་འདུ་ཤེས་དང་འདོད་ཚུལ་རྒྱས་བཤད་བྱས་པའི་ནང་བློ་གྲོས་ཀྱིས་ཕྱུག་པའི་འདུ་ཤེས་གསར་པ་དང་གྲོས་འགོ་གསར་པ་རབ་དང་རིམ་པ་ཡོད་པས། ཐེ་ལན་ཡི་གེར་ཕབ་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པའི་ཐེ་ལན་ཡི་གེའི་པར་མ་དེས་ཐེ་ལན་གྱི་གྲོགས་པོ་ཚོས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་འགྲོ་ལམ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤེས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

པར་ཕུད་འགྲེམས་སྤེལ་གྱི་བྱེད་སྒོའི་ཐོག“ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་མཉམ་འབྲེལ་འགྲེམས་སྟོན”དང《ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འཕྲིན་སྤེལ》ཐེ་ལན་གྱི་ཆེད་བསྒྲིགས་དུས་དེབ་ཀྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཚེས་8ཉིན་པང་ཁོག་ཏུ་ལོ་70ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ནན་མའེ་དཔེ་དེབ་ཅུས་སུ་སྤེལ་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཐེ་ལན་ཡི་གེའི་པར་མས་གཙོ་བོ་བྱས་པའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་ཕུལ་བྱུང་དཔེ་དེབ་སྣ་ཁ་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

བྱེད་སྒོར་ཞུགས་མཁན་ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་ཁྲེ་ཐུའུ་ལུང་གིས་ངས་རྟག་ཏུ་རྒྱ་ཡིག་སློབ་སྦྱོང་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་འགྱུར་ལྡོག་དེ་དག་གི་རྩ་བའི་རྒྱུ་རྐྱེན་ལ་དེ་བས་ཤེས་རྟོགས་བྱེད་ཀྱི་ཡོད། ད་རེས་ཀྱི་བྱེད་སྒོ་དེས་ཐེ་ལན་གྱི་དམངས་ཚོགས་དེ་བས་མང་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་ཤེས་རྟོགས་ཐུབ་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད་ལ་ཀྲུང་གོ་ཤེས་རྟོགས་དང་རྒྱུས་མངའ་ཐུབ་པ་བྱུང་ཡོད། རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་འདྲ་རྒྱུན་རྣམ་དུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་2012ལོའི་ཟླ་11ནས་2014ལོའི་ཟླ་6བར་གྱི་གསུང་བཤད་དང་། གླེང་མོལ། གཏམ་བཤད། དྲི་ལན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་གློག་འཕྲིན་སོགས་རྩོམ་ཡིག་79བཀོད་ཡོད། མིག་སྔར་ཡིག་རིགས་16ལ་ཕབ་སྒྱུར་བྱས་ཏེ་གོ་ལ་ཧྲིལ་པོར་དེབ་ཁྲི་620འགྲེམས་སྤེལ་བྱས་ཡོད་པ་རེད། ཐེ་ལན་ཡི་གེའི་པར་མའི་དཔེ་དེབ་དེ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་ཐེ་ལན་དམངས་འདོད་དཔེ་སྐྲུན་ཚོགས་པ་དང་མཉམ་ལས་བྱས་ནས་ཡིག་སྒྱུར་དཔེ་བསྐྲུན་བྱས་པ་ཞིག་རེད། པར་ཕུད་མཛད་སྒོའི་ཐོག་ཅང་ཅན་གོས་ཕང་པེ་དང་། ཝའེ་ཧྲ་ནུའུ། ཐེ་ལན་ཁྲིམས་འཛུགས་གྲོས་ཚོགས་བཅས་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཐེ་ལན་ཡི་གེའི་པར་མའི་དེབ་གསར་པ་སྤྲད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།