ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་འཇིག་རྟེན་འཕུར་སྐྱོད་པས་ཀྲུང་གོའི་བར་སྣང་ས་ཚིགས་སུ་སྐྱོད་རེ་བྱེད་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་འཇར་མན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ལོ་47ལ་སླེབས་པའི་ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་པ་འཇར་མན་གྱི་རྒྱུ་ཆའི་ཚན་རིག་མཁས་ཅན་མ་ཏི་ཡ་སི·མའོ་ལེར་གྱིས་ཀྲུང་གོའི་ལས་རོགས་དང་མཉམ་ལས་བྱས་ནས་འབྱུང་འགྱུར་ཀྲུང་གོའི་བར་སྣང་ས་ཚིགས་སུ་འཕུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

འཇར་མན་གྱི《མིང་ཅིང་དྲ་ཚུགས》ཀྱི་བརྙན་ལམ་ཐོག་བཀོད་དོན། མིག་སྔར་མའོ་ལེར་ཁེ་ལུང་གྲོང་ཁྱེར་གྱི་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་སུ་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་འདི་ལོའི་ལོ་མཇུག་ཏུ་སློབ་ཚན་ལེགས་གྲུབ་བྱུང་རྗེས་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ལས་འགན་བཀོད་སྒྲིག་བྱ་རྒྱུ་སྒུག་ནས་སྡོད་རྒྱུ་རེད། མའོ་ལེར་གྱིས་ཟླ་བའི་གོ་ལར་འགྲོ་འདོད་ཆེན་པོ་འདུག གང་ལགས་ཤེ་ན། རྒྱལ་སྤྱིའི་འབྲེལ་ཡོད་རོགས་ཟླས་ཟླ་བའི་གོ་ལའི་འཁོར་ལམ་དུ་བར་སྣང་ས་ཚིགས་སྐྲུན་རྩིས་ཡོད་པས་རེད། ང་ད་དུང་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུའང་འགྲོ་འདོད་ཧ་ཅང་ཆེན་པོ་འདུག གལ་སྲིད་ཀྲུང་གོའི་དབར་གྱི་མཉམ་ལས་ཟབ་ཏུ་ཕྱིན་ན་ཀྲུང་གོའི་བར་སྣང་ས་ཚིགས་སུའང་འགྲོ་འདོད་འདུག་ཅེས་བཤད།

ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སི་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྟེ་བའི་ཚང་སྦུག་2016ལོའི་ལོ་མཇུག་ཏུ་སྤྱིའི་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་དང་མིག་སྔར་ཚང་སྦུག་ཧྲིལ་པོ་ཚད་ལེན་ཚོད་ལྟའི་དུས་མཚམས་སུ་སླེབས་ནས་སྔོན་དཔག་ལྟར་ན། 2018ལོར་མཁའ་དབྱིངས་སུ་འཕེན་གཏོང་བྱ་རྩིས་ཡོད། གལ་སྲིད་འཕེལ་རིམ་ལམ་ལྷོངས་བྱུང་ན་ཀྲུང་གོས་2022ལོའི་ཡས་མས་སུ་མི་བཞུགས་བར་སྣང་ས་ཚིགས་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།