ཀྲུང་གོ་བོད་ཀྱི་དྲ་བ།

པར་ཙིར་དུ་པི་ཡ་ཏིའི་བཟོ་གྲྭ་གཉིས་དུས་གཅིག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པི་ཡ་ཏི་པར་ཙིར་ཉི་འོད་ནུས་པའི་ཤེལ་ལེབ་བཟོ་གྲྭ་དང་གློག་སྒུལ་རྐྱང་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་གཞི་སྒྲོམ་བཟོ་གྲྭ་གཉིས་པོ་ཚེས་6ཉིན་དུས་གཅིག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་ལས་པར་ཙིར་གྱི་ཁྲོམ་རར་པི་ཡ་ཏི་ཞུགས་འགོ་ཚུགས་པ་དེ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་ལྟར་ཡོད།

1491968958890797.jpg

འདི་ནི་ཟླ་4ཚེས་6ཉིན་པར་ཙིར་གྱི་ཁན་ཕི་ན་སི་གྲོང་ཁྱེར་གྱི་པི་ཡ་ཏི་བཟོ་གྲྭ་ནས་པར་བླངས་པའི་གློག་སྒུལ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཡིན་པ།

1491968958737912.jpg

འདི་ནི་ཟླ་4ཚེས་6ཉིན་པར་ཙིར་གྱི་ཁན་ཕི་ན་སི་གྲོང་ཁྱེར་གྱི་པི་ཡ་ཏི་བཟོ་གྲྭ་ནས་པར་བླངས་པའི་ཉི་འོད་ནུས་པའི་ཤེལ་ལེབ་ཡིན་པ།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།