ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་ལན་རྒྱལ་ཁབ་ཀྱི་ཆུ་གཤོའི་དུས་ཆེན་སྐབས་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་སྟེ་མི་གྲངས4000ལྷག་ཙམ་ཤི་རྨས་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ལན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཟླ4པའི་ཚེས18ཉིན་ཡོངས་བསྒྲགས་བྱས་པ་ལྟར་ན། ད་ལོའི་ཆུ་གཤོའི་དུས་ཆེན་(ཟླ4ཚེས11ནས17ཉིན་བར་)ཡིན་པ་དང་། རྒྱལ་ཡོངས་སུ་འགྲིམ་འགྲུལ་གྱི་དོན་རྐྱེན་ཁྱོན་བསྡོམས3690བྱུང་ནས། མི་གྲངས390རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས3808ལ་རྨས་སྐྱོན་ཕོག་པ་རེད།

ཐེ་ལན་ནང་སྲིད་པུའུ་ཡི་འགོ་ཁྲོད་ཀྱིས་ད་ལོའི་ཆུ་གཤོའི་དུས་ཆེན་རིང་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་བ་དེ་སྔ་ལོའི་དུས་མཉམ་དང་བསྡུར་ན7.05%འཕར་བ་དང་། རྨས་སྐྱོན་ཕོག་མི4.16%འཕར་ཡོད་པ་རེད། འོན་ཀྱང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དུས་མཉམ་ལས་མི་གྲངས52ཇེ་ཉུང་དུ་སོང་བས། 11.76%ཆག་འདུག་ཅེས་བསྟན་པ་རེད།

ལོ་རེའི་ལོ་གསར་དང་ཆུ་གཤོའི་དུས་ཆེན་གྱི་སྐབས། ཐེ་ལན་གྱི་འགྲིམ་འགྲུལ་དོན་རྐྱེན་མང་བའི་དུས་ཡིན་པས། དུས་ཆེན་འདི་གཉིས་ལ་"ཉེན་ཆེའི་ཉིན་བདུན་"ཞེས་འབོད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།