ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཐོག་མའི་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁའི་བར་གྱི་མཉམ་ལས་ཐད་གྲོས་བསྡུར་བྱས་པ་རེད་ཟེར།

དེ་ནི་ཀུའུ་ཐི་ལོས་སི་ཡིས་ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་པ་རེད།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཨ་མེ་རི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཉེ་བའི་དུས་སྐབས་ནང་ཡང་བསྐྱར་གྲོས་མོལ་བྱེད་པར་འཐད་པ་བྱུང་། གྲོས་མོལ་དེ་སྐར་མ་བཅོ་ལྔ་ནས་ཉི་ཤུ་ཙམ་འགོར་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཝ་ཧྲིན་ཐོན་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་དཔྱིད་ཀའི་གྲོས་ཚོགས་ལ་ཞུགས་བཞིན་ཡོད། ཁོས་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་པའི་གོ་སྐབས་བྱུང་བ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཐི་ལིང་ཕུའུ་དང་གྲོས་མོལ་མ་བྱས་གོང་། ཀུའུ་ཐི་ལོས་སི་ཡིས་ད་རུང་ཨ་མེརི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་མེད་ཁི་མཱ་སི་ཐི་ལ་ཐུག་འཕྲད་བྱས་པ་རེད་ཟེར།

ཨ་མེ་རི་ཁ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བཞི་བའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཐུས་མི་དག་ཚེས་ཉེར་བཞིའི་ཉིན་ཝ་ཧྲིན་ཐོན་དུ་སོང་ནས་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།