ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་སློབ་ཆུང་སློབ་མ་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་མའོ་ཏིན་ཞིང་ཆེན་གྱི་སློབ་གསོ་ཐིན་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཉིན་དེར་ཞིང་ཆེན་དེ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་སློབ་ཆུང་སློབ་མ་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

མའོ་ཏིན་ཞིང་ཆེན་སློབ་གསོ་ཐིན་གྱི་མགྲིན་ཚབ་པ་མཱ་པའོ་ནཱ་ཡིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ། མི་སུམ་ཅུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཧའོ་ཏིན་ཞིང་ཆེན་བྱང་ངོས་ས་ཁུལ་ནས་ཐོ་བརྒྱབ་སྟེ་མེར་འབད་པ་རེད། འགྲུལ་སྐྱེལ་རླངས་འཁོར་དེའི་སྟེང་ཉུང་མཐར་ཡང་སློབ་ཆུང་སློབ་མ་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

མིག་སྔར་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།