ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁས་གང་མགྱོགས་སྒོས་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་མཉམ་འབྲེལ་ཚན་ཆུང་གི་བྱ་བ་མགོ་རྩོམ་རྒྱུའི་གྲོས་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་བརྩོན་པའི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་མཉམ་འབྲེལ་བྱ་བའི་ཚན་ཆུང་གི་བྱ་བ་མགོ་རྩོམ་རྒྱུའི་གྲོས་ཐག་བཅད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་གྲོས་གཞི་བཏོན་པ་ལྟར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཏིས་ལེ་སིན་གཉིས་ཀྱིས་ཉིན་དེའི་དགོང་མོར་ཁ་པར་གྲོས་མོལ་བྱས་ཏེ། རྒྱལ་སྤྱིའི་གྲོས་གཞི་རེ་འགའ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་མཉམ་འབྲེལ་བྱ་བའི་ཚན་ཆུང་གི་བྱ་བ་མགོ་བརྩམས་ནས། མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་མེད་པར་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་གྲོས་ཐག་བཅད།

སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་ཐད་ནས། ཕྱོགས་གཉིས་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་མགོ་འཛིན་འོག་དོན་རྐྱེན་དེར་མངོན་གསལ་གྱིས་རྟོག་ཞིབ་བྱེད་ཐུབ་མིན་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།

དེ་ལས་གཞན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡང་བསྐྱར་ཏིས་ལེ་སིན་ལ་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་ཕྱོགས་ཀྱིས་སྔོན་ཆད་ཀྱི་ཙུང་ཐུང་ཨོ་པཱ་མཱའི་སྲིད་གཞུང་གིས་ཁྲིམས་འགལ་གྱིས་གཞུང་བཞེས་བྱས་པའི་ཨུ་རུ་སིའི་ཨ་མེ་རི་ཁའི་ཕྱི་འབྲེལ་རྒྱུ་ནོར་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།