ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱལ་ཁབ་རྒྱ་མཚོའི་ལས་དོན་ཅུའུ་ཡི་ཞིབ་འཇུག་པ་ཆའོ་ཧྥང་ལེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྲིད་གཞུང་བར་གྱི་རྒྱ་མཚོའི་རིག་པའི་ཨུ་ཡོན་ལྷན་ཁང་གི་ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་འཇོག་བྱས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྲིད་གཞུང་བར་གྱི་རྒྱ་མཚོའི་རིག་པའི་ཨུ་ཡོན་ལྷན་ཁང་གི་ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་སྲིད་གཞུང་བར་གྱི་གྲོས་ཚོགས་སྐབས་བཅུ་གཅིག་པའི་སྟེང་། ཀྲུང་གོ་རྒྱལ་ཁབ་ཀྱིས་མཚམས་སྦྱོར་བྱས་པའི་རྒྱལ་ཁབ་རྒྱ་མཚོའི་ལས་དོན་ཅུའུ་ཡི་རྒྱ་མཚོའི་ཞིབ་འཇུག་ཁང་དང་པོའི་ཞིབ་འཇུག་པ་ཆའོ་ཧྥང་ལེ་ཚེས་ཉེར་གསུམ་ཉིན་ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་འཇོག་བྱས།

སྐབས་འདིའི་གྲོས་ཚོགས་ནི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཀྲུང་གོའི་ཆིན་ཏའོ་ནས་ཚོགས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་དེ་ལོ་གཉིས་ཀྱི་ནང་བསྐོ་འཇོག་ཐེངས་རེ་བྱེད་བཞིན་ཡོད། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་གཙོ་བོ་ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་བྱ་བར་མཐུན་སྦྱོར་བྱེད་དགོས་པ་དང་། ཞི་བདེ་རྒྱ་མཚོ་ནུབ་མའི་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྲིད་གཞུང་བར་གྱི་རྒྱ་མཚོའི་རིག་པའི་ཨུ་ཡོན་ལྷན་ཁང་གི་བྱ་འགུལ་སྣ་ཚོགས་ལ་ཞུགས་དགོས་པར་མ་ཟད། འབྲེལ་ཡོད་གྱི་གྲོས་ཚོགས་ལ་མགོ་འཛིན་བྱེད་པ་སོགས་ཀྱི་འགན་ཁུར་དགོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།