ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་འདེམ་བསྐོ་ཆེན་མོའི་འདེམ་ཤོག་ཕངས་པའི་ཐོག་མའི་མཇུག་འབྲས་ལྟར་ན་མཱ་ཁི་ལུང་དང་ལེ་ཕང་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ནང་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློལག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་གི་ཐོག་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་ཐོག་མའི་མཇུག་འབྲས་ལྟར་ན། དབུ་མའི་ཕྱོགས་ཀྱི་སྒེར་གྱི་འདེམ་སྒུག་པ། མདུན་བསྐྱོད་ལས་འགུལ་གྱི་མགོ་ཁྲིད་པ་མཱ་ཁི་ལུང་དང་གཡས་ཕྱོགས་ཀྱི་འདེམ་སྒུག་མི་སྣ། རྒྱལ་དམངས་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་ལེ་ཕང་གཉིས་ལ་སོ་སོར་བརྒྱ་ཆའི་ཉེར་བཞི་དང་བརྒྱ་ཆའི་ཉེར་གཅིག་ལྷག་གི་འདེམ་ཤོག་ཐོབ་སྟེ། རྒྱབ་སྐྱོར་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་ཡིན་ལ། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་མཇུག་མཐའི་འགྲན་རྩོད་ལ་ཞུགས་རྒྱུ་རེད།

ས་དེའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཉིས་སྟོང་བཅུ་བདུན་ལོའི་ཧྥ་རན་སིའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཡོངས་སུ་མཇུག་སྒྲིལ། དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་ཀྱིས་དེའི་རྗེས་སུ་ཁྱབ་སྒྲོག་བྱས་པའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་ལྟར་ན། དབུས་གཡས་ཕྱོགས་སྤྱི་མཐུན་ཏང་གི་འདེམ་སྒུག་མི་སྣ། སྔོན་ཆད་ཀྱི་ཙུང་ལི་ཧྥེ་ཡུང་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་དགུ་ཡིན་པ་དང་། གཡོན་ཕྱོགས་ཀྱི་ཞུམ་པ་མེད་པའི་ཧྥ་ལན་ཞི་འགུལ་སྐྱོད་ཀྱི་འདེམ་སྒུག་མི་སྣ་མཱེ་ལིང་ཞོན་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གསུམ་ཡིན་པས། ཁོ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པའི་ཐོབ་ཐང་མེད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།