ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་དམག་དཔུང་གིས་མཁོ་སྒྲུབ་འགན་སྲུང་ཐད་རང་ཁ་རང་གསོ་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་དམག་དཔུང་གིས་མཁོ་སྒྲུབ་འགན་སྲུང་ཐད་ནས་རང་ཁ་རང་གསོ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། ཁྲའོ་ཞན་གྱིས་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་ཐོན་སྐྱེད་བྱས་ན་ལྟོ་རྒྱབ་གནད་དོན་ལ་ཁག་ཐེག་བྱེད་ཐུབ་པའི་ཚུལ་བསྟན།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་མི་དམངས་དམག་དཔུང་གི་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་ཐེ་ཁྲོན་ཕག་གསོ་ར་བ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ར་བ་དེས་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་སྒྲིག་ཆས་བཀོལ་ནས། ཆུ་ཚད་མཐོ་བའི་ཚན་རིག་ཅན་དང་དེང་རབས་ཅན། གཅིག་བསྡུས་གྲོན་ཆུང་ཅན་བཅས་མངོན་འགྱུར་བྱས་པ་ནི་ཁྲའོ་ཞན་གྱི་ཕྱུགས་ལས་ཐོན་རྫས་རྟེན་གཞིའི་མ་དཔེ་ཞིག་ཡིན་པ་དང་། དེས་མཁའ་འགྲུལ་མཁན་གྱི་ཟས་རིགས་ཀྱི་མཁོ་སྒྲུབ་ལ་འགན་སྲུང་བྱས་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་ད་རུང་མི་དམངས་དམག་དཔུང་གིས་ངལ་རྩོལ་ཏང་གི་རྒྱལ་དབང་ཐོན་ལས་ཅན་གྱི་བྱེད་ཕྱོགས་མངོན་འགྱུར་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་གཟེངས་བསྟོད་བྱས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།