ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་རྫས་འགྱུར་མཚོན་ཆའི་གནད་དོན་ཐད་ནས་སི་རི་ཡཱའི་སྲིད་གཞུང་གི་ཚན་རྩལ་ཞིབ་འཇུག་མི་སྣ་ཉིས་བརྒྱ་དང་དོན་གཅིག་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་གི་རྫས་འགྱུར་མཚོན་ཆའི་གསར་སྤེལ་ལས་གཞི་དང་འབྲེལ་བའི་སི་རི་ཡཱའི་སྲིད་གཞུང་ལས་ཁུངས་ཀྱི་མི་སྣ་ཉིས་བརྒྱ་དང་དོན་གཅིག་ལ་བཀག་སྡོམ་བྱེད་རྒྱུ་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་ལས་ཁུངས་ཀྱི་མི་སྣ་ཉིས་བརྒྱ་དང་དོན་གཅིག་པོ་དེ་སི་རི་ཡཱའི་ཚན་རིག་ཞིབ་འཇུག་ལྟེ་གནས་སུ་གཏོགས་པ་དང་། ལྟེ་གནས་དེས་སི་རི་ཡཱའི་སྲིད་གཞུང་ལ་རྫས་འགྱུར་མཚོན་ཆ་གསར་སྤེལ་བྱེད་པའི་འགན་ཁུར་ཡོད། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བཀག་སྡོམ་བྱེད་ཐབས་སྤྱད་པའི་སི་རི་ཡཱའི་མི་སྣ་དེ་དག་ཁག་ཅིག་སི་རི་ཡཱའི་སྲིད་གཞུང་གི་རྫས་འགྱུར་མཚོན་ཆའི་ལས་གཞི་སྤེལ་ནས་ལོ་ལྔ་ལྷག་འགོར་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་བཀག་སྡོམ་ཐེབས་མཁན་གྱི་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོད་པའི་འབྲེལ་ཡོད་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁའི་ཀུང་ཟི་དང་སྤྱི་དམངས་ཀྱིས་བཀག་སྡོམ་ཐེབས་པའི་མི་སྣའི་བར་ཉོ་ཚོང་བྱེད་པ་གཏན་འགོག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།