ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་ནས་ཁྱད་གསོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ཉེ་སྔོན་སྐོར་ཐེངས་གསར་བའི་རྒྱལ་སྤྱིའི་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་རླབས་རྒྱུན་ཞིག་བསླངས་པ་དང་། ཁྲའོ་ཞན་ཁེར་རྐྱང་དུ་ཕུད་ནས་ཁྱད་གསོད་བྱེད་པའི་སྲིད་ཇུས་གཏན་འབེབ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་མེ་རྩེད་བྱས་ན་རང་ཉིད་བསྲེག་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་ཁྲའོ་ཞན་ཀྲུང་དབྱང་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་ཉེ་སྔོན་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་ནས་ཁྱད་གསོད་བྱེད་པའི་སྲིད་ཇུས་གསར་བ་བཏོན་ནས་ཕྱི་ནང་ཀུན་གྱིས་རྒྱབ་སྐྱོར་བྱེད་པར་བརྩོན་བཞིན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། མིག་སྔའི་ཕྱེད་གླིང་གི་གནས་བབ་འོག ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བའི་མེ་རྟ་ལྟ་བུ་ཡིན་པས་ཉེན་ཁ་ཧ་ཅང་ཆེ་ཟེར། ཨ་མེ་རི་ཁས་དུས་རབས་ཕྱེད་ཙམ་གྱི་རིང་རྒྱུན་བསྲིངས་པའི་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་ནས་ཁྱད་གསོད་བྱེད་པའི་སྲིད་ཇུས་དང་ཉིང་རྡུལ་ནུས་པའི་འཇིགས་ཉེན་ནི་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་ཞིབ་འཇུག་གསར་སྤེལ་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཕོ་བྲང་དཀར་པོ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཨ་མེ་རི་ཁར་རྒྱུན་དུ་སྡོད་པའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་ད་ལྟའི་གནས་བབ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་དང་འཕུར་མདའི་གནད་དོན་ཐད་སྔར་ལས་སྟོབས་དང་ལྡན་པའི་བཀག་སྡོམ་བྱེད་ཐབས་སྤྱོད་པར་ཆོག་མཆན་འགོད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།