ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་ཐུན་མོང་ལྟ་ཚུལ་ལྡན་པའི་སྲིད་གཞུང་འཛུགས་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ཙུང་ཐུང་གི་ལས་རོགས་པ་ཧཱ་མུས་ཏི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། སུའུ་ཏན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་ཁབ་ཀྱི་ཐུན་མོང་ལྟ་ཚུལ་ལྡན་པའི་སྲིད་གཞུང་འཛུགས་པར་གྲོས་འཆམ་བྱུང་བ་དང་། ནེ་ཀི་གསར་བའི་མིང་ཐོ་གཟའ་འཁོར་རྗེས་མར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཧཱ་མུས་ཏི་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་བཤད་རྒྱུར། རྒྱལ་ཁབ་ཀྱི་ཐུན་མོང་ལྟ་ཚུལ་ལྡན་པའི་སྲིད་གཞུང་འཛུགས་པའི་བྱ་བ་དེ་ཡང་དང་བསྐྱར་དུ་རྗེས་སུ་སྣུར་བ་ནི། རྒྱལ་ཡོངས་གྲོས་མོལ་ལ་ཞུགས་པའི་ཆབ་སྲིད་སྟོབས་ཤུགས་སོ་སོ་དང་དྲག་ཆས་ཚོགས་ཁག་སོ་སོ་དེའི་ཁྲོད་ཞུགས་སུ་འཇུག་པའི་ཆེད་ཡིན་ལ། མི་འགྱངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པའི་ནེ་ཀིའི་མིང་ཐོ་ལས་ཚད་ཆེན་པོའི་སྒོ་ནས་གྲོས་མོལ་གྱི་གྲུབ་འབྲས་མཚོན་པར་བྱས་ཡོད་ཟེར།

ན་ནིང་ཟླ་བཅུ་བར། སུའུ་ཏན་རྒྱལ་ཡོངས་ཀྱི་གྲོས་མོལ་ལ་ཞུགས་པའི་ཆབ་སྲིད་སྟོབས་ཤུགས་དང་དྲག་ཆས་ཚོགས་ཁག་གི་འཐུས་མིས་གྲོས་མོལ་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་གཅིག་གྱུར་གྲོས་འཆམ་བྱུང་བ་དང་། གྲོས་མོལ་གྱི་མཇུག་མཐའི་ཡིག་ཆ་དེ་རྒྱལ་ཁབ་ཀྱི་སྲིད་ལུགས་དང་། རྩ་ཁྲིམས་གསར་བའི་གཏན་འབེབས། དཔལ་འབྱོར་འཕེལ་རྒྱས། ཐོན་ཁུངས་མཉམ་སྤྱོད། ཕྱི་ཕྱོགས་འབྲེལ་བ་སོགས་བྱེད་ཐབས་ལ་ཁྱབ་ཡོད། ཡིག་ཆ་དེ་སུའུ་ཏན་གྱིས་རྩ་ཁྲིམས་གསར་བ་གཏན་འབེབ་བྱེད་པའི་རྨང་གཞིར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།