ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མོལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་ཀྱིས་ཚེས་ཉེར་ལྔ་ཉིན་དབྱི་ལིང་དང་མཉམ་དུ་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མོལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་སྤེལ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་དམག་དཔུང་ཚོད་འཛིན་ཟི་ཡི་ཟི་ཀྲང་གཞོན་པ་། ཀྲུང་གོའི་ཕྱོགས་ཡོངས་གྲོས་མཐུན་ལག་བསྟར་གྱི་མཐུན་སྦྱོར་པ་ཏུང་ཀྲི་ཧྭ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ཀི་ལཱ་ཆི་དང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབྱི་ལིང་ཉིང་རྡུལ་ནུས་པའི་ཕྱོགས་ཡོངས་གྲོས་མཐུན་གྱི་མཐུན་སྦྱོར་མཁན་མུའུ་ཨར་། དེ་མིན་ཨུ་རུ་སི་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་འབྲེལ་ཡོད་དཔོན་རིགས་དང་མཉམ་དུ་གྲོས་ཚོགས་ལ་ཞུགས།

ཏུང་ཀྲི་ཧྭ་ཡིས་བསྟན་དོན། གྲོས་མཐུན་ནི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཐུན་མོང་འབད་བརྩོན་བྱས་པའི་མཇུག་འབྲས་ཡིན་པ་དང་། ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པའི་མ་དཔེར་འགྱུར་བར་བྱེད་ལ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་གྲོས་མོལ་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། མིག་སྔའི་གནས་བབ་འོག ཕྱོགས་སོ་སོས་ཆབ་སྲིད་རེ་འདུན་ཇེ་དྲག་ཏུ་དགོས་དགོས་པ་དང་། ལས་འགན་ལག་བསྟར་ནན་མོ་བྱས་ཤིང་འགལ་བ་ཐག་གཅོད་གང་ལེགས་བྱས་ཏེ། གྲོས་མཐུན་དེ་ཕྱོགས་ཡོངས་ནས་རྒྱུན་མཐུད་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།