ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཁེ་ལས་ཀྱིས་ཨོ་སི་ཁྲུ་ལི་ཡར་ནུས་རྒྱུ་གསར་པའི་ཐོན་རྫས་འགྲེམས་སྟོན་བྱས་ནས་ཚོང་ལམ་ཆེ་རུ་གཏོང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས4ཉིན། པི་ཡ་ཏི་དང་ཅིང་ཁོ་སོགས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཁེ་ལས་ཚེས3དང་ཚེས4ཉིན་མོའར་པེན་དུ་འཚོགས་པའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཉི་འོད་ནུས་པའི་འོད་ཤུགས་ཐོན་རྫས་འགྲེམས་སྟོན་དུ་ཞུགས་པ་མ་ཟད། ད་དུང་ཐོན་རྫས་མང་པོ་ཞིག་ཀྱང་བཤམས་སྟོན་བྱས་ཡོད་པ་ནི་ཨོ་སི་ཁྲུ་ལི་ཡའི་ཁྲོམ་ར་གསར་འབྱེད་བྱེད་པའི་ཆེད་དུ་རེད།
       ད་རེས་ཀྱི་བྱེད་སྒོར་ཞུགས་པའི་པི་ཡ་ཏིའི་ལས་དོན་པས་ཨོ་སི་ཁྲུ་ལི་ཡར་པི་ཡ་ཏི་འཕེལ་རྒྱས་ཡག་པོ་བྱུང་སོང་། ད་ལྟ་ང་ཚོའི་ཀུང་སིས་ཨོ་སི་ཁྲུ་ལི་ཡའི་འོད་ཤུགས་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་བཞིན་ཡོད། སླད་ཕྱིན་ཡན་ལག་ཚོང་ལམ་གསར་འབྱེད་ཧུར་ཐག་བྱས་ཏེ་ས་གནས་དེ་གར་འཚམ་པའི་ཐོན་རྫས་རབ་དང་རིམ་པ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
       ཨོ་སི་ཁྲུ་ལི་ཡ་ཉི་འོད་ནུས་པའི་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པའི་ལོ་གཅིག་དུས་གཅིག་གི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཉི་འོད་ནུས་པའི་འོད་ཤུགས་ཐོན་རྫས་འགྲེམས་སྟོན་ནི་ཨོ་སི་ཁྲུ་ལི་ཡར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་པའི་ཆེད་ལས་ཉི་འོད་ནུས་པའི་འགྲེམས་སྟོན་ཞིག་རེད། ཨོ་སི་ཁྲུ་ལི་ཡར་ཉི་འོད་ཐོན་ཁུངས་ལྡན་ཚད་འཛམ་གླིང་ཐོག་གི་མདུན་གྲས་སུ་སླེབས་པ་དང་ཉི་འོད་འཕྲོ་ཡུན་རིང་བས་ཉི་འོད་ནུས་པའི་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུར་ཆ་རྐྱེན་ཡག་པོ་ཞིག་གཏོད་ཡོད

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།