ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་དམངས་སྤྱོད་རླངས་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཡེ་མིན་དབུས་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་གྱི་དམངས་སྤྱོད་རླངས་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ། རླངས་འཁོར་སྟེང་གི་མི་ཉེར་གསུམ་པོ་ཚང་མ་རྐྱེན་ལམ་དུ་ཤོར། དེའི་ནང་བུད་མེད་དང་བྱིས་པ་མང་བོ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། རླངས་འཁོར་དེ་ནི་སོ་ཏི་ཨ་རབ་གཙོ་བྱས་པའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་གཏོང་འཕེན་བྱས་པའི་འཕུར་མདའ་ཕོག་པ་རེད། སྐབས་ཐོག་དེར་རླངས་འཁོར་དེ་ཐཱ་དབྱེ་ཙི་ཞིང་ཆེན་ནུབ་ཕྱོགས་ཀྱི་ཞིང་སྡེ་ས་ཁུལ་དུ་བགྲོད་བཞིན་ཡོད། ས་ཁུལ་དེར་ཉེ་བའི་ཉིན་འགའི་རིང་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱེད་པའི་གཡུལ་སར་གྱུར་ཡོད་པ་རེད། མིག་སྔའི་བར་དུ་མཉམ་འབྲེལ་དམག་དཔུང་ཕྱོགས་ཀྱིས་དོན་དེའི་ཐད་ནས་གཏམ་བཤད་ཅི་ཡང་སྤེལ་མེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།