ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཕྱི་འབྲེལ་བློན་ཆེན་གསར་བ་སོགས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་གཅིག་ཉིན་སྲིད་གཞུང་གསར་བའི་སྡེ་ཁག་མང་བོའི་དཔོན་པོའི་འདེམ་མི་དང་ཆིན་ཝ་ཐེ་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་ཁྱབ་སྒྲོག་བྱས།

ཝུན་ཙེ་ཡུན་གྱིས་ཉིན་དེར་ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སྲིད་ཇུས་གནད་དོན་གྱི་དམིགས་བསལ་བློ་འདོན་པ་ཁང་ཅིན་ཧི་ཕྱི་འབྲེལ་བློན་ཆེན་གསར་བར་མིང་འདོན་བྱས། ཝུན་ཙེ་ཡུན་གྱིས་བསྟན་དོན། ཁང་ཅིན་ཧི་ཡིས་སྔོན་ཆད་ཕྱི་འབྲེལ་པུའུ་ཡི་དཔོན་པའི་འགན་ཁུར་མྱོང་བ་དང་། ཉིས་སྟོང་དྲུག་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་སུ་བྱ་བ་ལས་པ་རེད། རྒྱལ་སྤྱིའི་ཕྱི་འབྲེལ་གར་སྟེགས་སུ་ཆེད་ལས་ཀྱི་ཤེས་བྱ་མང་བོ་བསགས་ཡོད་པ་དང་། འབྲེལ་བའི་ཁྱབ་ཁོངས་ཧ་ཅང་ཆེ་བ་དང་བློ་གྲོས་ལ་བརྟེན་ནས་ཕྱི་འབྲེལ་གནད་དོན་ཐག་གཅོད་བྱེད་ཐུབ་པའི་མི་སྣ་ཆེས་བཟང་བོ་ཡིན་ཟེར།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁང་ཅིན་ཧི་བསྐོ་འཇོག་བྱེད་ཐུབ་པ་བྱུང་ན། ཧན་གོའི་བུད་མེད་ཕྱི་འབྲེལ་བློན་ཆེན་ཐོག་མར་འགྱུར་ངེས་རེད་ཟེར།

ཝུན་ཙེ་ཡུན་གྱིས་ཉིན་དེར་ད་རུང་ཆིན་ཝ་ཐེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རེ་འགའ་བསྐོ་འཇོག་བྱས་པ་རེད། ཆིན་ཝ་ཐེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཙུང་ཐུང་གི་ལས་རོགས་པའི་མི་སྣར་རྒྱལ་ཚོགས་ཉན་ཞིབ་ཚོགས་འདུ་བརྒྱུད་མི་དགོས་པར་ཁྱབ་སྒྲོག་བྱས་རྗེས་མྱུར་དུ་ལས་འགན་ཁུར་ཆོག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།