ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ལྷོ་ཕྱོགས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་མང་བོར་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁྲ་པུའུ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་པུས་སི་མུས་ལཱ་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ཧྲ་ཀྲིག་དང་ཏའེ་ཧི་ཆའོ་ཕན་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་མང་བོར་ཉིན་དེར་ཐཱ་ལེ་པན་གྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ་ཉི་ཤུ་རྐྱེན་ལམ་དུ་ཤོར།

པུས་སི་མུས་ལཱ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་ཕྲག་འགའ་ཡིས་ཉིན་དེའི་ཞོགས་པར་ཧྲ་ཀྲིག་དང་ཏའེ་ཧི་ཆའོ་ཕན་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་ཉི་ཤུ་རྐྱེན་ལམ་དུ་ཤོར། དེའི་ནང་ཧྲ་ཀྲིག་ས་ཁུལ་དུ་ཉེན་རྟོག་པ་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། ཏའེ་ཧི་ཆའོ་ཕན་ས་ཁུལ་ནས་ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར། མིག་སྔར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད་ཟེར།

ཉིན་དེའི་ཕྱི་དྲོར། ཐཱ་ལེ་པན་གྱིས་ཁྲ་པུའུ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཐི་ལ་མེ་ཤུགས་འཕུར་མདའ་བཞི་བཅུ་གཏོང་འཕེན་བྱས་ཀྱང་མི་སྣར་ཤི་རྨས་བཟོས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།