ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་སློབ་ཆུང་སློབ་མའི་རིན་མེད་གུང་ཟས་མེད་པར་བཟོ་གྲབས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017052214065993567300274.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་གྲོས་ཚོགས་འདེམས་བསྐོ་ནི་ཟླ6ཚེས8ཉིན་སྤེལ་རྒྱུ་ཡིན་པ་གཏན་འཁེལ་བ་རེད། ཟླ5ཚེས20ཉིན། དབྱིན་ཇིའི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལྟར་ན། འདེམས་བསྐོ་ཆེ་མོའི་དུས་ཚོད་ཉེ་བ་དང་བསྟུན་ནས། དབུ་བཞུགས་བློན་ཆེན་ཐི་ལའེ་ཧྲ་•མའེ་ཡིས་ད་ལྟ་རིན་མེད་ངང་སྤྲོད་བཞིན་པའི་སློབ་ཆུང་སློབ་མའི་གུང་ཟས་མེད་པར་བཟོ་རྒྱུ་ཡིན་པ་མ་ཟད། གྲོས་འགོ་འདི་ཉིད་སྲིད་འཛིན་ཏང་ཁག་རྙིང་ཞེན་ཏང་གི་འདེམས་བསྐོའི་འགྲན་རྩོད་ཀྱི་རྩ་འཛིན་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས་པ་རེད།

ཐི་ལའེ་ཧྲ་•མའེ་ཡི་ཁྱབ་བསྒྲགས་འདིར། དབྱིན་ཇིའི་དམངས་ཚོགས་མི་ཉུང་བ་ཞིག་གིས་དྲ་ཐོག་ནས་ངོ་རྒོལ་བྱས་ཡོད་ལ། མི་སྣ་གྲགས་ཅན་ཁ་ཤས་ཤིག་གིས་ཀྱང་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཐི་ལའེ་ཧྲ་•མའེ་ཡི་གྲོས་འགོར་གཞིགས་ན། རྙིང་ཞེན་ཏང་གིས་ལོ་རིམ་དང་པོ་ནས་གསུམ་པ་བར་སློབ་ཆུང་སློབ་མ་ཡོངས་ཀྱི་རིན་མེད་གུང་ཟས་མེད་པར་བཟོ་འཆར་ཡོད་ཅིང་། དེའི་ཚབ་ཏུ་རིན་མེད་ཞོགས་ཟས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད། ཡིན་ན་ཡང་། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཕྲུ་གུ་ཚོར་མུ་མཐུད་རིན་མེད་གུང་ཟས་རག་ཐུབ་ཀྱི་པ་རེད།

རྙིང་ཞེན་ཏང་གི་འདེམས་བསྐོའི་འགྲན་རྩོད་ཀྱི་རྩ་འཛིན་དུ"ཁྱིམ་བདག་གི་ཡོང་འབབ་ལ་མི་གཞིགས་པར་ལོ་རིམ་དམའ་བའི་སློབ་མ་ཚང་མར་རིན་མེད་གུང་ཟས་སྤྲོད་རྒྱུ་ཡིན་པ་རེད། འདི་འདྲའི་སྤྱི་པའི་རྒྱུ་ནོར་གྱི་འགྲོ་སོང་ནི་བློ་གྲོས་ལྡན་པ་ཞིག་མ་རེད"ཅེས་བྲིས་ཡོད་པ་རེད།

འདེམས་བསྐོའི་འགྲན་རྩོད་ཀྱི་རྩ་འཛིན་དུ་དུས་མཚུངས་སུ། ད་ལྟ་ཡོད་པའི་བདེན་དཔང་ལས་གསལ་བ་ལྟར་ན། སློབ་གྲྭ་ནས་ཞོགས་ཟས་རོལ་བ་ལས་སློབ་མ་ཡར་ཐོན་ཡོང་བར་གོ་ཆོད་པ་རེད་ཅེས་བྲིས་ཡོད་པས། གལ་ཏེ་རྙིང་ཞེན་ཏང་ལ་འདེམས་བསྐོའི་རྒྱལ་ཁ་ཐོབ་ཚེ། སྲིད་གཞུང་གསར་པསས་རིན་མེད་གུང་ཟས་མེད་པར་བཟོས་ནས་ལོ་རིམ་དམའ་བའི་སློབ་ཆུང་གི་སློབ་མ་ཚང་མར་རིན་མེད་ཞོགས་ཟས་སྤྲོད་རྒྱུ་ཡིན་པར་བསྒྱུར་རྒྱུ་རེད།

རྙིང་ཞེན་ཏང་གི་བཤད་ཚུལ་དུ། བྱ་སྤྱོད་འདིའི་ཐོག་ནས་སྲིད་གཞུང་གིས་ལོ་རེར་སློབ་མ་རེའི་ཐོག་ནས་དབྱིན་སྒོར650(མི་དམངས་ཤོག་སྒོར5830ཙམ་ཡིན་པ)གྲོན་ཆུང་བྱེད་ཐུབ་ལ། ལོ་རེར་ཁྱོན་བསྡོམས་དབྱིན་སྒོར་དུང་ཕྱུར40(མི་དམངས་ཤོག་སྒོར་དུང་ཕྱུར358ཙམ་ཡིན་པ་)གྲོན་ཆུང་བྱེད་ཐུབ་འདུག  སྒོར་འདི་དག་ནི་སློབ་གྲྭའི་འགྲོ་སོང་ནང་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་རེད།

དབྱིན་ཇིའི་མ་བྱན་གྲགས་ཅན་དང་བསླད་མེད་ཟས་རིགས་དར་སྤེལ་མཁན་ཅའེ་མི་•ཨོ་ལི་ཧྥོ་ཡིས་གྲོས་འགོ་འདི་ནི"ཧ་ཅང་གི་སྡུག་པོ"ཞིག་རེད། ཐི་ལའེ་ཧྲ་•མའེ་ཡིས་རང་ཉིད་ཀྱི་མིག་རྒྱང་ཐུང་པའི་བྱ་སྤྱོད་འདིའི་ཐོག་ནས་འགྱོད་པ་སྐྱེས་ངེས་ཡིན་པའི་ངོས་འཛིན་བྱེད་པ་རེད།

ཨོ་ལི་ཧྥོ་ནི་ཕྲུ་གུའི་འཚོ་བཅུད་ཆེད་མཁས་པ་ཞིག་ཡིན་ལ། སྔོན་ཆད་བཟོ་པའི་ཏང་དང་རྙིང་ཞེན་ཏང་གི་དབུ་བཞུགས་བློན་ཆེན་མང་པོ་ཞིག་དང་གནད་དོན་འདིའི་སྐོར་མཉམ་ལས་བྱེད་མྱོང་ཡོད་པ་རེད། ཁོང་གིས་ཐི་ལའེ་ཧྲ་•མའེ་ཡིས་སློབ་མའི་གུང་ཟས་ཐོག་ནས་སྒོར་མོ་གྲོན་ཆུང་བྱེད་པ་འདི་ནི་ཁེ་གྱོང་གོ་ལྡོག་གི་ལས་ཀ་ཞིག་རེད་ཅེས་བསྟན་པ་རེད།

ཁོང་གི་བཤད་ཚུལ་ལྟར་ན། སློབ་གྲྭ་ནི་ཕྲུ་གུ་རྒྱགས་པའི་དོན་ལ་དམིགས་པའི་མདུན་མ་ཞིག་རེད། རིན་མེད་གུང་ཟས་མེད་པར་བཟོས་པ་ལས་གནད་དོན་འདི་ཉིད་ཚབས་ཆེན་ཞིག་ཏུ་བཏང་བ་དང་། དེ་ལས་རྒྱགས་པ་བྱུང་བ་ལས་ནད་རིགས་རབ་དང་རིམ་པ་ཞིག་འབྱུང་བ་ནི་མཐའ་མར་སྤྱི་པའི་འཕྲོད་བསྟེན་མ་ལག་གི་རྒྱལ་དམངས་ལུས་ཁམས་བདེ་སྲུང་ལམ་ལུགས་ནས་རིན་པ་སྤྲོད་དགོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།