ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉས་སྐོར་ཐེངས་བདུན་པའི་སི་རི་ཡཱའི་ཞི་བའི་གྲོས་མོལ་དེ་ཟླ་དྲུག་པར་ཚོགས་པར་རེ་བ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཚེས་ཉེར་གཉིས་ཉིན་བརྙན་རིས་བརྒྱུད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སི་རི་ཡཱའི་ཞི་བའི་གྲོས་མོལ་གྱི་གནས་ཚུལ་སྙན་ཞུ་བྱས། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རི་ནེ་ཝ་ནས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་ཇུས་གཞིར་གྲོས་མོལ་བྱེད་པར་རོགས་འདེགས་བྱེད་བཞིན་ཡོད་ཟེར། སི་རི་ཡཱའི་མིས་རང་ཉིད་ཀྱི་མ་འོས་པའི་རྩ་ཁྲིམས་གཏན་འབེབས་བྱེད་པའི་དབང་ཆ་འཕྲོག་མི་རུང་བ་ནན་བཤད་བྱས། ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། ཨ་སི་ཐཱ་ནཱའི་གྲོས་མོལ་རྗེས་སུ། སི་རི་ཡཱའི་ཕྱོགས་ཁག་སོ་སོས་རི་ནེ་ཝ་ནས་སྐོར་ཐེངས་དྲུག་པའི་ཞི་བའི་གྲོས་མོལ་སྤེལ་བ་དང་། ཕྱོགས་སོ་སོས་སྐོར་ཐེངས་བདུན་པའི་གྲོས་མོལ་དང་ལེན་བྱེད་པའི་རྣམ་འགྱུར་བཟུང་ཡོད་ལ། སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་དེ་ད་ལོའི་ཟླ་དྲུག་པའི་ནང་སྤེལ་བར་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།