ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་མང་བོ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་རེ་འགའ་བསད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕའོ་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་གནམ་གྲུ་ཐང་ཞིག་དང་གྲོང་སྡེ་མང་བོ་ཕྱིར་འཕྲོག་ལེན་བྱས་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་སྒྲིག་ཆས་མང་བོ་དང་སྦས་སྐོང་བྱེད་ས་རེ་འགའ་རྩ་མེད་དུ་བཏང་ཡོད་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ན་ནིང་ཟླ་བཅུ་གཉིས་པར་ཨ་ལེ་ཕའོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལེ་ཕའོ་ཕྱིར་འཕྲོག་ལེན་བྱས་རྗེས། ཞིང་ཆེན་དེའི་ཤར་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྤེལ་ནས་ས་ཁོངས་རྒྱ་ཆེན་པོ་ཕྱིར་འཕྲོག་ལེན་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།