ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོར་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་པུའུ་ཐི་ཧྥེ་ལེ་ཁཱ་ཡིས་ཉིན་དེར་ཐི་པིན་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་དང་། ཉིན་དེར་ལས་ཁུར་དགོངས་ཞུ་བྱས་པའི་སེ་ལཱ་ལེ་ཡི་ཚབ་ཏུ་འགན་ཁུར་དུ་བཅུག

གསལ་སྒྲོག་ལས་བཤད་རྒྱུར། ཨར་ཅི་རི་ཡཱའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ལྟར་ན། པུའུ་ཐི་ཧྥེ་ལེ་ཁཱ་ཡིས་གྲོས་ཁང་དུ་ལས་གནས་མང་བོ་ཟིན་ཡོད་པའི་ཏང་ཁག་བར་གྲོས་མོལ་བྱས་རྗེས་ཐི་པིན་ཙུང་ལི་གསར་བར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་པ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཨར་ཅི་རི་ཡཱ་ཡིས་ཟླ་ལྔ་བའི་ཚེས་བཞིའི་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་རྗེས་སུ་སྐབས་གསར་བའི་གྲོས་ཁང་བཙུགས་པ་དང་། ཐེངས་འདིའི་ཙུང་ལིའི་མི་སྣ་བརྗེ་སྤོར་བྱས་པ་ནི་འབྲེལ་ཡོད་ཀྱི་ལས་རིམ་ལྟར་སྤེལ་བ་རེད་ཟེར།

པུའུ་ཐི་ཧྥེ་ལེ་ཁཱ་ཡིས་གསལ་སྒྲོག་ནང་ད་ལྟའི་སྲིད་གཞུང་གི་པུའུ་ཀྲང་གིས་སྐབས་གསར་བའི་སྲིད་གཞུང་འཛུགས་རག་བར་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།