ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་ངོ་རྒོལ་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་ཙུང་ལི་ཀྲིན་ཏིས་ལོ་ནེ་ཡིས་ཚེས་ཉེར་བཞིའི་ཉིན་རྒྱལ་ས་རོ་མཱ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་ཏེ། གཙོ་བོ་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

དབྱི་ཐཱ་ལེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་གཞི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉིན་དེར་གྲོས་བསྡུར་བྱེད་པའི་གནད་དོན་གཙོ་བོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་འཛམ་གླིང་ཉོ་ཚོང་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

དབྱི་ཐཱ་ལེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཉིན་དེར་ད་རུང་རོ་མཱ་ནས་དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་དང་ཡུན་ཐུང་གྲོས་མོལ་བྱས་ཟེར།

ཐི་ལིང་ཕུའུ་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་རོ་མཱ་རུ་འབྱོར་བ་དང་། དེ་ནི་ཁོས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་དབྱི་ཐཱ་ལེ་རུ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།