ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་སོ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཚེས་ཉེར་གསུམ་ཉིན་གྱི་ཚུན་ལ། དམག་ཕྱོགས་ཀྱི་མེན་ལན་གླིང་ཕྲན་གྱི་མཱ་ལཱ་ཝེ་གྲོང་ཁྱེར་ནས་མུའུ་ཐི་རྩ་འཛུགས་དང་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་དྲག་ཆས་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་སོ་གཅིག་བསད་ཟེར། དམག་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཞི་བཅུར་རྨས་ཕོག་ཡོད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཕཱ་ཏིས་ལེ་ཡཱ་ཡིས་ཉིན་དེའི་སྔ་དྲོར་བརྙན་འཕྲིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ལེ་ཞི་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ། སིང་ག་ཕོར། དེ་མིན་རྒྱལ་ཁབ་གཞན་པའི་འཐབ་མཆོག་ཉེས་ཅན་མཱ་ལཱ་ཝེ་གྲོང་ཁྱེར་གྱི་འཁྲུག་རྩོད་ནང་ཞུགས་ཡོད་ཟེར། ཕྱི་རྒྱལ་གྱི་འཇིགས་སྐུལ་ཉེས་ཅན་དག་གིས་ནམ་རྒྱུན་ཧྥེ་ལེ་པེན་གྱི་ས་གནས་དྲག་ཆས་ཚོགས་ཁག་ལ་དམག་དོན་སྦྱོང་བརྡར་དང་འགད་རྫས་བཟོ་ཐབས་འདོན་སྤྲོད་བྱེད་པ་སོགས་ཀྱི་ཐད་ནས་རོགས་རམ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།