ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་སྲིད་གཞུང་གིས་ཧྥེ་ལེ་པེན་གུང་ཁྲན་ཏང་བར་གྱི་ཞི་བའི་གྲོས་མོལ་སྐོར་ཐེངས་ལྔ་བ་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཧྥེ་ལེ་པེན་གུང་ཁྲན་ཏང་བར་གྱི་ཞི་བའི་གྲོས་མོལ་སྐོར་ཐེངས་ལྔ་བ་རྩིས་མེད་དུ་བཏང་བ་ཡིན་ཟེར།

དེའི་སྔོན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་སྲིད་གཞུང་དང་ཧྥེ་ལེ་པེན་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་འཐབ་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ནས་ཟླ་དྲུག་པའིི་ཚེས་གཅིག་ཉིན་བར་ཧི་ལན་ནས་ཞི་བའི་གྲོས་མོལ་སྐོར་ཐེངས་ལྔ་བ་སྤེལ་རྒྱུའི་འཆར་གཞི་ཡོད།

ཧྥེ་ལེ་པེན་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཨ་པེ་ལཱ་ཡིས་ཉིན་དེར་བསྟན་དོན། སྲིད་གཞུང་གིས་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་འཐུས་མི་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། ཞི་བའི་གྲོས་མོལ་རྩིས་མེད་དུ་བཏང་བའི་རྒྱུ་མཚན་ནི་ཧྥེ་ལེ་པེན་གུང་ཁྲན་ཏང་གིས་གཟའ་འཁོར་འདིར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ལྷོ་ཕྱོགས་ས་ཁུལ་དུ་བཀག་སྡོམ་ནན་མོ་བྱེད་པའི་བཀའ་རྒྱ་ལག་བསྟར་བྱས་པར་ངོ་རྒོལ་བྱས་པ་དང་། ཞོར་དུ་མི་དམངས་དམག་དཔུང་གསར་བ་ཞེས་པའི་དྲག་ཆས་དམག་དཔུང་གིས་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་ནས་དཔུང་འཇུག་ལ་བརྟེན་ནས་གནས་བབ་ཛ་དྲག་ཏུ་བཏང་བའི་དབང་གིས་ཡིན་ཟེར།

སྲིད་གཞུང་གི་ཆོད་དོན་དེའི་ཐད་ནས་རྒྱལ་ཡོངས་དམངས་གཙོ་འཐབ་ཕྱོགས་ཞི་བདེ་ཚན་ཆུང་གི་ཀྲུའུ་ཞི་ཧཱ་ལན་ཏའོ་ནེ་ཡིས་བསྟན་དོན། སྲིད་གཞུང་གིས་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།