ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་ཀྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར།

ཏིས་ཡཱ་ལཱ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཉིན་དེའི་སྔ་དྲོར་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་པཱ་ཀུའུ་པེད་གྲོང་ཁྱེར་ལྟེ་གནས་ཀྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་བྱུང་བ་དང་། ལུས་ལ་འགད་རྫས་ཀྱི་ལྭ་བ་གྱོན་པའི་འཇབ་རྒོལ་མཁན་ཞིག་གིས་ཉེན་རྟོག་པས་བཀག་འགོག་ཐེབས་རྗེས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། ཞིབ་བཤེར་ས་ཚིགས་དེ་ས་དེའི་སྲིད་གཞུང་ལས་ཁུངས་དང་ཁྲིམས་ཁང་གི་གཞུང་སྒྲུབ་བྱེད་སར་ཧ་ལམ་རྨིད་སུམ་བརྒྱ་མ་གཏོགས་མེད་ཟེར།

འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ལས་མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉེན་རྟོག་པ་གསུམ་དང་བཅས་པའི་མི་བཅུ་དྲུག་ལ་རྨས་ཕོག

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།