ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་རྩ་ཁྲིམས་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གཉིས་པའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་རྩ་ཁྲིམས་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ནང་སྲིད་པུའུ་ཡིས་དེའི་སྔོན་ཁྱབ་སྒྲོག་བྱས་པའི་སྐབས་བཅུ་གཉིས་པའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱས།

དབྱི་ལིང་ནང་སྲིད་པུའུ་ཡིས་ཚེས་ཉི་ཤུའི་ཉིན་ད་ལྟའི་ཙུང་ཐུང་ལུའུ་ཧཱ་ནེ་ལ་བརྒྱ་ཆའི་ང་བདུན་གྱི་འདེམ་ཤོག་ཐོབ་སྟེ་དབྱི་ལིང་གི་སྐབས་བཅུ་གཉིས་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཁྱབ་སྒྲོག་བྱས་པ་རེད།

དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་ལས་རིམ་ལྟར་ན། འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས། རྩ་ཁྲིམས་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཁས་ལེན་ཐོབ་དགོས་པ་དང་། ད་རུང་ཆེས་མཐོའི་གཙོ་འཛིན་གྱི་བསྐོ་འཇོག་ཀྱང་ཐོབ་དགོས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།