ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཧན་གོའི་སྲིད་གཞུང་གསར་བས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཧན་གོའི་སྲིད་གཞུང་གསར་བས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཉིན་དེར་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ་ཏེ། ཧན་གོ་མིག་སྔར་བདེ་སྲུང་དང་ཕྱི་འབྲེལ། དཔལ་འབྱོར་ཉམས་ཉེན་བཅས་ཀྱི་དཀའ་ཁག་གི་གནས་སུ་ལྷུང་ཡོད་པ་དང་། དཀའ་ཁག་གི་གནས་དེ་ལས་ཐར་བའི་བྱེད་ཐབས་ཉག་ཅིག་ནི་སྔོན་ཆད་ཀྱི་བག་འཁུམ་སྲིད་དབང་གིས་གཏོར་བརླག་བྱས་པའི་ལྷོ་བྱང་འབྲེལ་བ་ལེགས་བཅོས་བྱེད་རྒྱུ་དེ་ཡིན། ཧན་གོའི་སྲིད་གཞུང་གསར་བ་དེས་སྔོན་ཆད་ཀྱི་སྲིད་དབང་གི་ཤུལ་ལམ་དུ་ཞུགས་པའམ་ཡང་ན་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་གདམ་གསེས་བྱེད་པའི་ལམ་གྱི་བཞི་མདོ་ལྟ་བུར་གནས་ཡོད་ཟེར།

རྩོམ་ཡིག་ལས་བསྟན་དོན། ཟླ་དྲུག་པའི་ཚེས་བཅོ་ལྔའི་ཐུན་མོང་བསྒྲགས་གཏམ་སྤེལ་རྗེས། ལྷོ་བྱང་འབྲེལ་བ་དེ་ཡིད་མི་ཆེས་པ་དང་ངོ་རྒོལ་ནས་མི་རིགས་འགྲིག་མཐུན་དང་མཐུན་སྒྲིལ་གྱི་ཕྱོགས་སུ་གྱུར་བ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་རིམ་པ་མི་འདྲ་བའི་གྲོས་མོལ་དང་གྲོས་མཐུན་ལ་ཡར་སྐུལ་གང་ལེགས་ཐོབ་ཡོད། ཀྱག་ཀྱོག་ངེས་ཅན་ཡོད་ཀྱང་ལྷོ་བྱང་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ལྷག་བསམ་རྣམ་དག་གིས་བསམ་འཆར་བརྗེ་རེས་དང་དཀའ་གནད་ཐག་གཅོད་བྱེད་ཐུབ་ངེས་ཡིན། ལྷོ་བྱང་བར་གྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པ་ལས་ཧན་གོའི་ཁེ་ལས་མང་བོར་ཁེ་ཕན་ཐོབ་ཡོད། གྲུབ་འབྲས་དེ་དག་ལ་ལྷོ་བྱང་དགྲར་ལངས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་བག་འཁུམ་སྟོབས་ཤུགས་ཀྱིས་སྲིད་དབང་བཟུང་བ་ལས་རྡོག་བརྫིས་ཐེབས་ཡོད། མིག་སྔར་ཧན་གོའི་མང་ཚོགས་ཀྱིས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པ་དང་འཐབ་འཁྲུག་གི་འཇིགས་ཉེན་སེལ་བ། ཞི་བདེའི་དར་རྒྱས་ཀྱི་ལམ་བུ་གསར་དུ་བཏོད་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པས། ཧན་གོའི་སྲིད་གཞུང་གིས་དམངས་ཀྱི་འདོད་བློར་བསམ་བློ་གཏོང་དགོས་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། ཁྲའོ་ཞན་གྱིས་ཕྱིན་ཆད་མུ་མཐུད་དུ་ལོ་རྒྱུས་རང་བཞིན་གྱི་ཟླ་བདུན་པའི་ཚེས་བཞིའི་ཐུན་མོང་གསལ་སྒྲོག་དང་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཐུན་མོང་གསལ་སྒྲོག ཟླ་བཅུ་བའི་ཚེས་བཞིའི་བསྒྲགས་གཏམ་བཅས་མཛུབ་སྟོན་དུ་བྱས་པའི་ལམ་བུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལྷོ་བྱང་གི་འབྲེལ་བའི་འགྱུར་ལྡོག་ཆེན་མོ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།