ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་པུས་ལུའུ་ཀྲི་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་བཅུ་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་གཙང་བཤེར་འགུལ་སྐྱོད་སྤེལ་སྐབས། འཇིགས་སྐུལ་ཉེས་ཅན་བཅུ་གཉིས་བསད་ཟེར།

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་སྤེལ་ཏེ། འདས་པའི་ཉིན་གཉིས་ཉིན་རིང་། བདེ་འཇགས་དམག་དཔུང་གིས་གསང་འཕྲིན་གཞིར་བཟུང་ནས་པུས་ལུའུ་ཀྲི་ཞིང་ཆེན་གྱི་མའོ་སི་ཏུང་ས་ཁུལ་དུ་གཙང་བཤེར་འགུལ་སྐྱོད་སྤེལ། འགུལ་སྐྱོད་སྤེལ་སྐབས་བདེ་འཇགས་དམག་དཔུང་གིས་བྲག་ཕུག་ནང་སྦས་སྐོང་བྱས་ཡོད་པའི་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་བར་འཁྲུག་རྩོད་བྱས་ཏེ། འཇིགས་སྐུལ་ཉེས་ཅན་བཅུ་གཉིས་བསད་པ་དང་། བདེ་འཇགས་དམག་དཔུང་ཕྱོགས་ཀྱི་མི་ལྔ་ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་སྐོར་དེས་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་ལ་འཆར་འགོད་བྱེད་བཞིན་ཡོད་པར་བཤད་ཀྱང་། དེ་དང་འབྲེལ་བའི་ནང་དོན་ཞིབ་ཏུ་བཤད་མེད། བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་སྐོར་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།