ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མི་དང་རང་བྱུང་གི་འབྲེལ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ལྔ་ཉིན་འཛམ་གླིང་ཁོར་ཡུག་ཉིན་མོར་ཞུ་ཚིག་ཕུལ་ཏེ། མི་དང་རང་བྱུང་གི་འབྲེལ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་འཛམ་གླིང་གི་ཁོར་ཡུག་ཉིན་མོ་ཡིན་པ་དང་། ད་ལོའི་འཛམ་གླིང་གི་ཁོར་ཡུག་ཉིན་མོའི་བརྗོད་སྙིང་ནི་མི་དང་རང་བྱུང་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་ཅེས་པ་དེ་ཡིན།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཞུ་ཚིག་ཕུལ་ཏེ་བསྟན་དོན། བདེ་ཐང་གི་ཁོར་ཡུག་ཅིག་མེད་ན། དབུལ་ཕོངས་སེལ་ཐབས་མེད་ལ་དར་རྒྱས་འཛུགས་སྐྲུན་བྱེད་ཐབས་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོའི་ཁྱིམ་གཞིས་གཅིག་པུར་སྲུང་སྐྱོབ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། ང་ཚོས་འགྱིག་ཤོག་བཀོལ་རྒྱ་ཇེ་ཉུང་དུ་གཏོང་བ་དང་། རླངས་འཁོར་བསྐོར་ཚད་ཇེ་ཉུང་དུ་གཏོང་དགོས་ལ། ཟས་རིགས་ཆུད་ཟོས་སུ་གཏོང་བའང་ཇེ་ཉུང་དུ་བཏང་ཆོག་ལ། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་ཕན་ཚུན་ལ་དྲན་སྐུལ་བྱས་ཆོག་ཟེར།

གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོའི་ཟླ་བཅུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་མཐུན་བཀོད་དེ། ལོ་རེའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་འཛམ་གླིང་གི་ཁོར་ཡུག་ཉིན་མོར་གཏན་འཁེལ་བྱེད་རྒྱུ་ཐག་བཅད། གཅིག་སྟོང་དགུ་བརྒྱ་དོན་བཞི་ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ལོ་རེར་འཛམ་གླིང་ཁོར་ཡུག་ཉིན་མོར་བརྗོད་སྙིང་རེ་གཏན་འཁེལ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།