ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་སྲིད་གཞུང་གིས་ཚེས་བདུན་ཉིན་ཨུ་རུ་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་སྒྲོག་བྱས། སྔོན་ཆད་ཀྱི་ཙུང་ཐུང་ནེ་ཁི་ལེ་ཆི་ཡིས་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞིའི་འགན་ཁུར་ཏེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་མཐུན་སྦྱོར་བྱེད་པའི་འགན་ཁུར་རྒྱུ་རེད།
ནེ་ཁི་ལེ་ཆི་ཡིས་ཉིན་དེར་སེར་ཝེ་ཡཱའི་གསར་འགྱུར་ལས་རིགས་ལ་དོན་དེ་བདེན་དཔང་བྱས། ཁོས་བསྟན་དོན། གསར་དུ་བཙུགས་པའི་ལས་ཁུངས་ཀྱིས་ཐོག་མར་ཀྲུང་གོ་སྤྲོ་བ་ཡོད་པ་དང་སེར་ཝེ་ཡཱ་ཡིས་འདོན་སྤྲོད་བྱས་ཆོག་པའི་མཉམ་ལས་ནང་དོན་གྱི་དཀར་ཆག་བཟོ་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་ཡོན་ལྷན་ཁང་དེས་ཨུ་རུ་སིའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་། ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐུན་སྦྱོར་བྱས་ནས་བརྒྱུད་གཅིག་ལམ་གཅིག་གི་འདོད་བློ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ནེ་ཁི་ལེ་ཆི་ཡིས་བཤད་རྒྱུར། ཁོས་ཙུང་ཐུང་གི་འགན་ཁུར་བའི་ལོ་ལྔའི་ནང་། སེར་ཝེ་ཡཱ་དང་ཨུ་རུ་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་ནི་སྲིད་གཞུང་གི་སྡེ་ཁག་མི་འདྲ་བས་འགན་ཁུར་བ་ཡིན་པས། མཉམ་ལས་མཐུན་སྦྱོར་རང་བཞིན་མེད་ཟེར།
ཁོས་བཤད་རྒྱུར། ང་ཚོས་ཀྲུང་གོའི་བར་མཉམ་ལས་བྱེད་པའི་གོ་སྐབས་ཤོར་མི་རུང་བ་དང་། ཡོ་རོབ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆུ་ཚད་དུ་སླེབས་པར་རེ་ཡོད་ལ། རྒྱལ་ཁབ་དེ་དག་གིས་ཀྲུང་གོར་དམིགས་ཡོད། རྒྱུ་མཚན་ནི་ཁོ་ཚོས་ཀྲུང་གོ་ནི་ཆེས་བདེ་ཐང་དང་ཆེས་གསར་བྱུང་བའི་དངུལ་གཏོང་འབྱུང་ཁུངས་ཡིན་པར་ཤེས་ཡོད་པས་ཡིན་ཟེར།
ནེ་ཁི་ལེ་ཆི་ཡིས་མཚམས་སྦྱོར་བྱས་དོན། ཁོ་རང་ཉིད་ཀྱིས་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞིའི་འགན་ཁུར་བ་ལས། ཨུ་ཡོན་ལྷན་ཁང་དེར་ད་ཡོད་ཀྱི་པུའུ་ཀྲང་བདུན་དང་ཆེད་མཁས་པ་བདུན་ཡོད་ཟེར།