ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་སོ་མཱ་ལིའི་ན་གཞོན་ཏང་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་རྟེན་གཞིའི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་སོ་མཱ་ལིའི་ན་གཞོན་ཏང་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་བྱེད་ས་ནི་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱའི་མཚམས་ཡིན་ལ། རྩ་འཛུགས་དེའི་བཀོད་འདོམ་ལྟེ་གནས་དང་སྦྱོང་བརྡར་རྟེན་གཞི་གལ་ཆེན་ཞིག་རེད། ཟུར་ལྔའི་ཐོག་ཁང་ཆེན་མོས་བསྟན་དོན། ཐེངས་འདིའི་འགུལ་སྐྱོད་ནི་ས་ཁུལ་གྱི་གྲོགས་པོ་དང་མཉམ་དུ་སྤེལ་བའི་རོགས་ལས་འཐབ་འཁྲུག་ཅིག་ཡིན་པ་དང་། དམིགས་ཡུལ་ནི་སོ་མཱ་ལིའི་ན་གཞོན་ཏང་གི་ཉེ་སྔོན་གྱི་འགུལ་སྐྱོད་ལ་ཐད་ཀར་དུ་རྒོལ་ལན་སྤྲོད་པའི་ཆེད་རེད། སོ་མཱ་ལིའི་ན་གཞོན་ཏང་གིས་ཉེ་སྔོན་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་ལ་དཔུང་འཇུག་བྱས་པ་རེད།

སོ་མཱ་ལིའི་ན་གཞོན་ཏང་ནི་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་སོ་མཱ་ལི་རུ་འགུལ་སྐྱོད་བྱེད་པའི་འཇིགས་སྐུལ་རྩ་འཛུགས་ཤིག་ཡིན་པ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བརྒྱད་ལོར་རྩ་འཛུགས་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་བཞག་སྟེ། ནམ་རྒྱུན་རྩ་འཛུགས་དེའི་ཁོངས་མི་ཚར་གཅོད་བྱེད་པར་བརྩོན་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།