ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་སུ་དངོས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་ཡིས་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་སྟེང་། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། བཀོད་སྒྲིག་ལྟར་དུ་འདེམ་ཤོག་འཕེན་པའི་དུས་ཚོད་ནི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་བར་ཡིན་པ་དང་། ཧྥ་རན་སིའི་གྲོང་ཁྱེར་ཆེན་མོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་དུས་ཚོད་གཉིས་ཀྱིས་ཇེ་རིང་དུ་གཏོང་རྒྱུ་རེད།

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་ལ་བསྡོམས་པས་ལས་གནས་ལྔ་བརྒྱ་དང་དོན་བདུན་ཡོད་པ་དང་། གྲོས་མི་དག་འདེམ་དམངས་ཀྱིས་སྐོར་ཐེངས་གཉིས་ལ་འདེམ་ཤོག་འཕངས་ནས་ཐད་ཀར་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ལྔ་རེད། འདེམ་ཁུལ་སོ་སོའི་འདེམ་སྒུག་མི་སྣར་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་དགོས་པ་དང་། དེ་ལྟ་མིན་ཚེ་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་དགོས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།