ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཆར་གཞིའི་དབྱེ་ཞིབ་བྱ་བར་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6月12日,国际原子能机构总干事天野之弥在维也纳国际原子能机构新闻发布会上讲话。.jpg

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཡེ་ཀྲི་མུས་ཀྱིས་ཝེ་ཡེ་ནཱ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཡེ་ཀྲི་མུས་ཀྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ལས་ཁུངས་དེས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཆར་གཞིའི་དབྱེ་ཞིབ་བྱ་བར་ཤུགས་སྣོན་བྱས་ཏེ། གནད་དོན་དེའི་ཐད་ནས་དགོས་ངེས་ཀྱི་ནུས་པ་འདོན་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཐེན་ཡེ་ཀྲི་མུས་ཀྱིས་ཉིན་དེར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ལས་ཁུངས་དེའི་དཔྱད་ཞིབ་མི་སྣས་ཁྲའོ་ཞན་གྱི་མངའ་ཁོངས་སུ་བྱ་བ་བྱེད་བཞིན་མེད་པས། འཁོར་སྐར་གྱི་པར་རིས་སོགས་ལ་བརྟེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཆར་གཞིའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མི་བྱེད་ཐབས་མེད་ཡིན་པ་དང་། དེ་ལས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཆར་གཞིའི་དབྱེ་ཞིབ་བྱ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཐེན་ཡེ་ཀྲི་མུས་ཀྱིས་ཁྲའོ་ཞན་གྱིས་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱས་ཏེ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་བསྟན་དོན། མིག་སྔར་ཁྲའོ་ཞན་གྱིས་གནད་དོན་དེའི་ཐད་ནས་རྣམ་འགྱུར་ལེགས་པོ་བསྟན་པའི་སྣང་ཚུལ་ཅི་ཡང་མཐོང་རྒྱུ་མེད་ཀྱང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཏེ་དུས་ངེས་མེད་དུ་དགོས་ངེས་ཀྱི་ནུས་པ་འདོན་རྩིས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།