ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོའི་སྲིད་གཞུང་གིས་སྔར་བཞིན་ཆབ་སྲིད་འདུ་ཚོགས་བྱ་འགུལ་སྤེལ་མི་རུང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐེ་གོའི་ཙུང་ལི་གཞོན་པ་པཱ་ཝེ་ཡིས་ཚེས་བཅུ་གཉིས་ཉིན་ནེ་ཀིའི་གྲོས་ཚོགས་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། སྲིད་གཞུང་གིས་མིག་སྔར་ཆབ་སྲིད་འདུ་ཚོགས་སྤེལ་བར་སྔར་བཞིན་ཚོད་འཛིན་བྱེད་བཞིན་ཡོད་པས། ཆབ་སྲིད་ཀྱི་འདུ་ཚོགས་དེ་འདྲ་སྤེལ་མི་རུང་ཟེར།

པཱ་ཝེ་ཡིས་ད་རུང་བཤད་རྒྱུར། ཆབ་སྲིད་པ་དག་གིས་འདུ་ཚོགས་སྤེལ་ནས་ཆབ་སྲིད་གནས་བབ་ལ་གྲོས་བསྡུར་བྱེད་པ་ལས། རྒྱུན་ལྡན་གྱི་ཐབས་ལམ་ལ་བརྟེན་ནས་ཙུང་ལི་པཱ་ཡུས་ཀྱིས་དེ་སྔོན་བཏོན་པའི་གནད་དོན་བཞིར་ལན་བཏབ་ནས་བཟང་ཟེར།

པཱ་ཡུས་ཀྱིས་ཟླ་སྔོན་མར་བརྙན་འཕྲིན་བརྒྱུད་དེ་རྒྱལ་ཡོངས་མང་ཚོགས་ལ་གནད་དོན་བཞི་བཏོན་པ་དང་། མང་ཚོས་དག་ཚེས་བཅུ་གཉིས་ཉིན་ནས་བཟུང་གཏན་འཁེལ་བྱས་པའི་ལས་ཁུངས་ལ་སོང་ནས་རེའུ་མིག་བསྐང་ནས་ལན་བཏབ་ཆོག་པ་རེད། གནད་དོན་དེ་བཞི་ནི། འདེམ་བསྐོ་ལས་སྲིད་དབང་བཟང་བོ་འཛུགས་ཐུབ་བམ། གལ་ཏེ་མི་ཐུབ་ན་ཇི་ལྟར་བསྒྲུབ་དགོས། གལ་ཏེ་འདེམ་བསྐོ་ཁོ་ནར་དོ་སྣང་བྱས་ཏེ་རྒྱལ་ཁབ་ཀྱི་མ་འོངས་པ་དང་གནད་དོན་གཞན་པར་བསམ་བློ་མ་བཏང་ན་ཡང་དག་ཡིན་ནམ། སྔོན་ཆད་བྱ་སྤྱོད་མི་ལེགས་པ་ལྡན་པའི་ཆབ་སྲིད་པར་འདེམ་བསྐོ་ལ་ཞུགས་པའི་གོ་སྐབས་སྟེར་དགོས་སམ་ཞེས་པ་བཅས་རེད།

པཱ་ཡུས་ཀྱིས་བཤད་རྒྱུར། སྲིད་གཞུང་གིས་བསྡུ་ལེན་བྱས་པའི་དྲི་ལན་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།