ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་ཡིས་པའོ་ཧེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6月12日,在保加利亚索非亚,保加利亚总统拉德夫(右)与到访的波黑主席团轮值主席伊万尼奇出席联合记者会。.jpg

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། པུར་ཀ་རི་ཡཱའི་སོ་ཧྥེ་ཡཱ་ནས། པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་འཚམས་འདྲིར་ཡོང་བའི་པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་དབྱེ་ཝན་ནེ་ཆི་གཉིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། པུར་ཀ་རི་ཡཱ་ཡིས་པའོ་ཧེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ལཱ་ཏི་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་དབྱེ་ཝན་ནེ་ཆི་དང་གྲོས་མོལ་བྱས། ལཱ་ཏི་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པུར་ཀ་རི་ཡཱ་ཡིས་སང་ལོར་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། རང་གི་དམིགས་འབེན་གཙོ་བོ་ཞིག་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་པའོ་ཧེ་དང་བཅས་པའི་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་བསྡུ་ལེན་བྱེད་པར་ཡར་སྐུལ་གཏོང་རྒྱུ་དེ་ཡིན་ཟེར།

ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་བསྡུ་ལེན་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཡོངས་དང་ས་ཁུལ་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་ལྡན་ཐབས་ལམ་ཞིག་ཡིན་ཟེར།

དབྱེ་ཝན་ནེ་ཆི་ཡིས་བསྟན་དོན། པའོ་ཧེ་ཡིས་པུར་ཀ་རི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཉམས་མྱོང་དང་ཤུགས་རྐྱེན་ལ་བརྟེན་ནས་ཡོ་རོབ་གླིང་མནའ་འབྲེལ་དང་གཞི་གཅིག་ཏུ་འགྱུར་བའི་རེ་འདོན་མངོན་འགྱུར་བྱེད་འདོད་ཡོད་ཟེར།

པཱ་ཨར་ཀན་ནུབ་མ་ས་ཁུལ་དུ་ཁི་ལོ་ཏི་ཡཱ་དང་། སེར་ཝེ་ཡཱ། པའོ་ཧེ། ཨར་པཱ་ནི་ཡཱ། ཧེ་ཧྲན། མཱ་ཆི་ཏོན་སོགས་རྒྱལ་ཁབ་འདུས། ཉིས་སྟོང་བཅུ་གསུམ་ལོར་ཁི་ལི་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དང་པོར་གྱུར་རྗེས། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་མགོ་བརྩམས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།