ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཨ་སེ་པེད་ཅང་མངའ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་ནས་བཟུང་ཨ་སེ་པེད་ཅང་ནུབ་ངོས་ཀྱི་ནཱ་ཞེ་ཆེ་ཝན་ས་ཁུལ་ནས་དུས་ཡུན་ཉིན་ལྔའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་དོན་སྦྱོང་བརྡར་ནི་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་རྒྱལ་སྲུང་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་གཞིར་བཟུང་སྟེ་སྤེལ་བའི་རྒྱུན་ལྡན་གྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་རྙོག་འཛིང་གི་ལས་འགན་ལག་བསྟར་བྱེད་པ་དང་རོགས་ལས་འཐབ་འཁྲུག་བྱེད་པའི་ནུས་པར་ཞིབ་བཤེར་དང་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ཟེར།

གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར། ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཀོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ནཱ་ཞེ་ཆེ་ཝན་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ལས་གཞན། ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཀི་ལུའུ་ཅི་ཡཱ་དང་མཉམ་དུ་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ནས་ཉིས་སྟོང་བཅུ་བདུན་ལོའི་ཀའོ་ཅཱ་སོའི་གླག་རྒོད་ཅེས་པའི་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།