ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་བ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ཁི་ལུང་ལ་ཟླ་སྔོན་མར་ཧྥ་རན་སིའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས། ཧྥ་རན་སིའི་མི་དམངས་ཀྱིས་ཡང་བསྐྱར་ཁོར་ཡིད་ཆེས་བྱེད་རྒྱུ་གདམ་གསེས་བྱས། ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལྟར་ན། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། མཱ་ཁི་ལུང་ཡོད་སའི་སྤྱི་མཐུན་རྒྱལ་ཁབ་མདུན་བསྐྱོད་ཅེས་པའི་ལས་འགུལ་གཙོ་བྱས་པའི་མཉམ་འབྲེལ་ཏང་ཁག་ལ་རྒྱལ་ཁ་ཐོབ་ཡོད།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་ཏང་ཁག་ལ་གྲོས་ཁང་གི་ལས་གནས་མང་ཤོས་ཐོབ་པ་དེ། ཁོས་རང་ཉིད་ཀྱི་སྲིད་སྐྱོང་འདོད་བློ་ལག་བསྟར་བྱེད་པ་དང་། བཅོས་བསྒྱུར་གྱི་ཕན་འབྲས་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད་ཀྱང་། ཞོར་དུ་འགྲན་རྩོད་ཆེན་པོར་འཕྲད་ཡོད། ཚོད་དཔག་བྱས་ན་གོམ་རིམ་རྗེས་མར་སྲིད་གཞུང་གསར་བས་ངལ་རྩོལ་བཅོས་བསྒྱུར་གཙོར་བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བཅོས་བསྒྱུར་བྱ་བ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།