ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱའི་ཙུང་ལི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བ་ཞི་འཇགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་ཙུང་ལི་པའོ་ལི་སོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། པུར་ཀ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་འདོད་ཡོད་ཟེར།

པའོ་ལི་སོ་ཧྥུའུ་ཡིས་ཉིན་དེར་ཐུར་ཁེ་ལ་དུས་ཡུན་ཉིན་གཅིག་གི་བྱ་བའི་འཛམས་འདྲི་བྱས། པུར་ཀ་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པའོ་ལི་སོ་ཧྥུའུ་ཡིས་པུར་ཀ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་འདོད་ཡོད་པའི་ཚུལ་བསྟན་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་རྣམ་འགྱུར་བཟང་བོ་བསྟན་ནས་རང་འགུལ་གྱིས་འགལ་བ་ཞི་འཇགས་སུ་གཏོང་དགོས་པའི་རེ་བ་བཏོན།

པའོ་ལི་སོ་ཧྥུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་འབད་བརྩོན་ཆེན་པོ་བྱས་པའི་དབང་གིས་ད་གཟོད་མིག་སྔའི་ཡོ་རོབ་གླིང་མནའ་འབྲེལ་མཐའ་མཚམས་ཀྱི་ཡུལ་གྱར་བའི་གནོན་ཤུགས་ཇེ་ཡང་དུ་འགྲོ་བར་ཁག་ཐེག་བྱས་པ་ཡིན་པ་ཡོ་རོབ་གླིང་མནའ་འབྲེལ་གྱིས་བརྗེད་མི་རུང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།