ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱའི་ལྷོ་ཕྱོགས་ས་ཁུལ་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྷང་ག་ལཱའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། མིག་སྔའི་བར་དུ་བྷང་ག་ལཱའི་ལྷོ་ཕྱོགས་རི་ཁུལ་དུ་ཆར་བ་དྲག་པོ་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་རྙེད་མེད་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ས་དེའི་དཔོན་རིགས་ཀྱིས་བསྟན་དོན། བྷང་ག་ལཱའི་ལྷོ་ཕྱོགས་ཀྱི་ལན་ཅཱ་མཱ་ཏིས་དང་པན་ཏའོ་ཨར་པན། ཅི་ཏཱ་ཀང་སོགས་ས་ཁུལ་ནི་ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་ཁྲོད་གནོད་པ་ཚབས་ཆེན་ཐེབས་པའི་ས་ཁུལ་ཡིན་པ་རེད། མིག་སྔར་འདས་པོའི་བེམ་པོ་ཞེ་ལྔ་རྙེད་ཡོད་ཟེར།

ལན་ཅཱ་མཱ་ཏིས་ཀྱི་དཔོན་པོ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ས་ཁུལ་དེ་ནས་རྙེད་པའི་འདས་པོའི་བེམ་པོའི་ཁྲོད་རྒུད་སྐྱོབ་ལ་ཞུགས་པའི་དམག་མི་བདུན་ཡོད་ཟེར། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། རྒུད་སྐྱོབ་མི་སྣས་ལྕགས་ཁེམ་སོགས་བཀོལ་ནས་འདམ་གསེག་ཁྲོད་དུ་གར་སོང་མ་རྙེད་པའི་མི་སྣ་འཚོལ་བཞིན་ཡོད་ཟེར།

བྷང་ག་ལཱའི་མཚོ་ཁུགས་ཀྱི་རླུང་གནོན་དམའ་མོའི་ཤུགས་རྐྱེན་འོག ཚེས་བཅུ་གཉིས་ཉིན་ནས་བཟུང་བྷང་ག་ལཱའི་མངའ་ཁོངས་སུ་བསྟུད་མར་ཆར་ཆེན་བབས་པ་དང་། ལྷོ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས། རི་ཁུལ་རེ་འགར་བསྟུད་མར་རི་ཉིལ་བའི་དོན་རྐྱེན་བྱུང་བ་དང་། ཆར་བ་དྲག་པོ་ལས་བྷང་ག་ལཱའི་མངའ་ཁོངས་ཀྱི་གཙང་ལག་གཙོ་བོ་དག་རྒྱས་ཡོད་ལ། ཏཱ་ཁཱ་དང་ཅི་ཏཱ་ཀང་སོགས་གྲོང་ཁྱེར་དུ་ཆུ་ལོག་ཚབས་ཆེན་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།