ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཙེར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་ལོའི་ཟླ་བཅུ་བའི་ཟླ་མཇུག་ལ་དངོས་སུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན་སུའེ་ཙེར་གྱི་ཕྱི་འབྲེལ་བློན་ཆེན་པུའུ་ཨར་ཁི་ཧཱ་ཨར་ཏི་ཡིས་གློ་བུར་དུ་ཁྱབ་སྒྲོག་བྱས་དོན། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་ལ་དངོས་སུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར། ཁོས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ལས་ཁུར་དགོངས་ཞུ་བྱེད་པ་ནི་རང་ཉིད་ཀྱི་རྐྱེན་ཡིན་པར་བཤད་ཀྱང་། གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། པུའུ་ཨར་ཁི་ཧཱ་ཨར་ཏི་ནི་སུའེ་ཙེར་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་ཐག་གཅོད་བྱེད་པར་བཀག་རྒྱ་ཐེབས་པར་འབྲེལ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།