ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་སྐོར་ཐེངས་དང་པོ་དེ་ཝ་ཧྲིན་ཐོན་ནས་སྤེལ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་བཅུ་དྲུག་ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་ཏེ་དྲི་བར་ལན་བཏབ།
3gxཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཁང་གིས་ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོས་ཧེ་ཧུའུ་གྲོང་ར་ནས་ཐུག་འཕྲད་བྱེད་སྐབས་བཀོད་པའི་ཐུན་མོང་ལྟ་ཚུལ་ལྟར་དུ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་སྐོར་ཐེངས་དང་པོ་དེ་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན། རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་བཅས་ཀྱིས་མཉམ་དུ་གོང་གི་གྲོས་མོལ་དེར་མགོ་འཛིན་བྱེད་རྒྱུ་རེད། ཀྲུང་གོའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་ཇུས་འདོན་དཔོན་པོ་ཧྥང་ཧྥུན་ཧོས་སོགས་གྲོས་མོལ་ལ་ཞུགས་རྒྱུ་རེད། སྐབས་ཐོག་དེར་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཞན་པའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར། །3gxཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།