ཝུན་ཙེ་ཡུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོ་ཧན་གོའི་བུད་མེད་ཕྱི་འབྲེལ་བློན་ཆེན་ཐོག་མར་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོ་ཁང་ཅིན་ཧི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་དུ་དངོས་སུ་བསྐོ་འཇོག་བྱས། ཁང་ཅིན་ཧི་ནི་ཧན་གོའི་བུད་མེད་ཕྱི་འབྲེལ་བློན་ཆེན་ཐོག་མ་རེད།GNNཀྲུང་གོ་བོད་ཀྱི་དྲ་བ།

ཁང་ཅིན་ཧི་གཅིག་སྟོང་དགུ་བརྒྱ་ང་ལྔ་ལོར་སྐྱེས་པ་དང་། དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་སུ་ལོ་མང་བོར་ལས་འགན་ཁུར་མྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སྲིད་ཇུས་གནད་དོན་གྱི་མཐོ་རིམ་བློ་འདོན་པ་དང་། མི་ཆོས་རིང་ལུགས་ལས་དོན་གྱི་འགན་གཙོ་བོར་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ། འགྲོ་མིའི་ཐོབ་ཐང་ལས་དོན་ཀྱི་མཐོ་རིམ་ཆེད་དོན་པའི་ལག་རོགས་པ་སོགས་ཀྱི་འགན་ཁུར་མྱོང་། མཉམ་འབྲེལ་རྒྱལ་ཚོགས་སུ་ལས་འགན་མ་ཁུར་གོང་། ཁང་ཅིན་ཧི་ཡིས་ཧན་གོའི་ཕྱི་འབྲེལ་ཚོང་འགྲིམ་པུའུ་རྒྱལ་སྤྱིའི་རྩ་འཛུགས་ཟི་ཡི་ཟི་ཀྲང་གི་འགན་ཁུར་མྱོང་།GNNཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཟླ་སྔོན་མའི་ཚེས་ཉེར་གཅིག་ཉིན་ཁང་ཅིན་ཧི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་དུ་མིང་བཏོན་ཡང་། རྒྱལ་ཚོགས་ཀྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་གྲོས་མི་མི་ཉུང་བ་ཞིག་གིས་ཁང་ཅིན་ཧི་ཡིས་སྡོད་གནས་རྫུན་བཟོ་བྱས་པ་སོགས་ཉེས་པ་ཡོད་པར་བསམ་ནས་ཁོ་མོའི་བསྐོ་འཇོག་ལ་རྒྱབ་སྐྱོར་མ་བྱས། ཝུན་ཙེ་ཡུན་གྱིས་ཐེངས་འདིར་རྒྱལ་ཚོགས་ནས་གྲོས་འཆམ་མ་བྱུང་བའི་གནས་ཚུལ་འོག་ཁང་ཅིན་ཧི་བསྐོ་འཇོག་བྱས་པ་རེད། དོན་དེའི་ཐད་ནས་ཝུན་ཙེ་ཡུན་གྱིས་བསྟན་དོན། མིང་བཏོན་པའི་མིའི་ནུས་པ་དང་སྔོན་ཆད་ནོར་འཁྲུལ་བཟོས་པའི་བརྒྱུད་རིམ་གསལ་བོར་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས་ཟེར།GNNཀྲུང་གོ་བོད་ཀྱི་དྲ་བ།

བསྒྲགས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་ཁང་ཅིན་ཧི་ལ་བསྐོ་འཇོག་ཡི་གེ་སྟེར་སྐབས་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སོགས་ཕྱི་འབྲེལ་ལས་དོན་གལ་ཆེན་ལ་ཉེ་ཡོད་པས། ཕྱི་འབྲེལ་བློན་ཆེན་གྱི་ལས་གནས་དེ་མུ་མཐུད་དུ་སྟོང་བར་སྐྱུར་མི་རུང་། ཁོས་ཁང་ཅིན་ཧི་ཡིས་དོན་དངོས་ཀྱི་འགུལ་སྐྱོད་ལས་རང་ཉིད་བདེན་དཔང་བྱེད་དགོས་པའི་སྐུལ་མ་བཏང་།GNNཀྲུང་གོ་བོད་ཀྱི་དྲ་བ།

གཏན་འཁེལ་ལྟར་ན། ཕྱི་འབྲེལ་པུའུ་སོགས་ཀྱི་དཔོན་པོའི་མིང་འདོན་ལ་རྒྱལ་ཚོགས་ཀྱིས་ཉན་ཞིབ་བྱེད་དགོས་ཀྱང་། ཉན་ཞིབ་ཚོགས་འདུ་ནས་གྲོས་འཆམ་བྱུང་མིན་གང་ལྟར་ཡང་མིང་བཏོན་པའི་མི་དེ་བསྐོ་འཇོག་བྱས་ཆོག་པ་རེད།   །GNNཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།